ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བ་གཙོས་སུ་གཟབ་རྒྱས་ངང་ཚོགས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

6371496026127773968461274.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བ་ཟླ1པའི་ཚེས17ཉིན་གྱི་སྔ་དྲོར་ཀན་ལྷོའི་ཟློས་གར་ཚོམས་ཆེན་དུ་གཟབ་རྒྱས་ངང་ཚོགས་འགོ་བརྩམས།

ཐེངས་འདིའི་ཚོགས་ཆེན་དུ་ཞུགས་འོས་པའི་འཐུས་མི257ཡོད་ཅིང་དངོས་སུ་ཞུགས་པའི་འཐུས་མི228ཡོད་པས།  ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན་པ་ཡིན།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཨན་ཅིན་ལུང་གིས་ཚོགས་ཆེན་གྱི་གཙོ་འགན་ཁུར།

ཡུས་ཁྲིན་ཧུའེ་དང་ཨན་ཅིན་ལུང་། ཀྲའོ་ལིན་ཡུན། ཞུས་ཆང་། ཧོ་མོའུ་པའོ་སོགས་ཀྲུའུ་ཞི་ཚོགས་པའི་ཁོངས་མི 33ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད།

ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཡུས་ཁྲིན་ཧུའེ་དང་ཨན་ཅིན་ལུང་། ཀྲའོ་ལིན་ཡུན། ཞུས་ཆང་། བཀྲ་ཤིས་འཚོ། ཧོ་མོའུ་པའོ། ཧྲི་ཡོན་ཧྥུན། ཚེ་རིང་དོན་གྲུབ། ལི་རུའེ་ཕིན།  དབྱང་ཅན་གོ ལིའང་མིང་ཀོང་། དབྱང་ཀྲི་ཚའེ། དབྱང་ཁྲང་ཏེ། ཏུང་ཡན་ཆིན་བཅས་ཡིན།

ཀྲུའུ་ཞི་སྟེགས་བུར་བཞུགས་མཁན་ད་དུང་ཀན་ལྷོའི་ཡན་ལག་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་མའོ་ཞིན་ཝུན་དང་། ཁུལ་དཔོན་གཞོན་པ་ནམ་མཁའ་སངས་རྒྱས། ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པའམ་ཁུལ་དཔོན་གཞོན་པ། ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཕུའུ་ཁྲོན་ཧུང་། ཁུལ་དཔོན་གཞོན་པ་ཝང་ཧྥང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཧུང་ཚའེ་དང་དུས་འཁོར་ཚང་། དབྱང་ཞའོ་ནན། ཨན་ཞུས་ལིན། སྒྲོལ་མ་སྐྱབས། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ལི་ཞའོ་ཉིང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་མ་ལུང་ཆོན། ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཆོན་ཡུང་ཁང་བཅས་ཡོད།

ཐེངས་འདིའི་གྲོས་ཚོགས་སུ་ད་དུང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་སྔར་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཏེང་ཧྥུ། ཁུལ་སྲིད་གྲོས་ཀྱི་སྔར་གྱི་ཀྲུའུ་ཞི་གཞོན་པ་ཨ་མགོན། ཏིང་མུའུ་ཏི། ཏུང་ཀྲེན་ཀོ་བཅས་གདན་དྲངས་ཏེ་ཚོགས་ཆེན་དུ་ཟུར་ཞུགས་བྱས་ཤིང་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད།

ཚོགས་ཆེན་ལ་ཁུལ་དམངས་ཆེན་གྱི་འཐུས་མི་མ་ཡིན་པའི་ཀན་ལྷོའི་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མི། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཨུ་ཡོན་ཚང་མ་དང་། ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་། ཁུལ་མི་དམངས་སྲིད་གཞུང་གི་བྱ་བྱེད་སྡེ་ཁག་དང་ཐད་གཏོགས་སྡེ་ཁག ཁུལ་རིམ་པའི་མང་ཚོགས་དང་ཚོགས་པའི་རྩ་འཛུགས་ཀྱི་འགན་ཁུར་བ་གཙོ་བོ། ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་གཞོན་པ་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་གཞོན་པ། ཀན་ལྷོའི་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག  ཞིང་ཆེན་ལ་གཏོགས་པའི་ཀན་ལྷོར་བཅའ་སྡོད་བྱེད་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་དང་རྫོང་དང་གྲོང་ཁྱེར་སོ་སོའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་མི་དམངས་ཁྲིམས་ཁང་གི་འགོ་གཙོ། མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་བཅས་གྲོས་ཚོགས་སུ་ཟུར་ཞུགས་བྱས།  

ཐེངས་འདིའི་གྲོས་ཚོགས་ཀྱིས་ད་དུང་ཆེད་དུ་གཙོས་གྲོང་ཁྱེར་གྱི་བཟོ་བ་དང་བུད་མེད། གུང་གཞོན་ཚོགས་པ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་འཐུས་ཚབ་མི་སྣ་དང་། གཙོས་གྲོང་ཁྱེར་གྱི་སྲང་ལམ་དང་ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་འཐུས་ཚབ་མི་སྣ། “གཞུང་གཅིག་ཨུ་གཅིག་ཁང་གཉིས”ལས་བཟོ་བའི་འཐུས་ཚབ་གདན་དྲངས་ཏེ་གྲོས་ཚོགས་ལ་ཟུར་ཉན་བྱས།

སྔ་དྲོའི་ཆུ་ཚོད9ཡི་སྟེང་དུ། ཨན་ཅིན་ལུང་གིས་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བ་ཚོགས་འགོ་རྩོམ་པ་ཁྱབ་བསྒྲགས་བྱས་པ་དང་བསྟུན་ནས། ཚོགས་ཞུགས་མི་སྣ་ཡོངས་ཡར་ལངས་ཤིང་རྔམ་བརྗིད་ལྡན་པའི་རྒྱལ་གླུས་ཚོགས་རའི་བར་སྣང་ཡོངས་སུ་ཁེངས་ཤིང་ཚོགས་ཆེན་དངོས་སུ་འགོ་བརྩམས།

སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་ཚོགས་ཆེན་ལསྲིད་གཞུང་གི་བྱ་བའི་སྙན་ཞུཕུལ། ཁོས་ཕུལ་བའི་སྙན་ཞུའི་ནང་དོན་ཁག་གསུམ་དུ་བགོས་ཡོད་དེ། གཅིག་ནི2019ལོའི་བྱ་བའི་ཕྱོགས་བསྡོམས་དང་། གཉིས་ནི2020ལོའི་དམིགས་འབེན་གཙོ་བོ་དང་ལས་དོན་གལ་ཆེན། གསུམ་ནི་སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་དེ་ཡིན།

ཀྲའོ་ལིན་ཡུན་གྱིས་སྙན་ཞུ་ཕུལ་བའི་ཁྲོད་བཤད་པར། 2019ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགོ་ཁྲིད་བརྟན་པོའི་འོག ཁུལ་དམངས་ཆེན་དང་དེའི་རྒྱུན་ཨུ་ཁང་གི་ཁྲིམས་ལུགས་ཀྱི་ལྟ་སྐུལ་དང་བྱ་བའི་ལྟ་སྐུལ། ཁུལ་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་འོག སྲིད་གཞུང་གི་བྱ་བར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་། སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། བྱ་བའི་སྤྱིའི་ཆ་ནས་བརྟན་པོའི་ངང་གོང་དུ་འཕར་བ་རྒྱུན་འཁྱོངས་དང་། འཕེལ་རྒྱས་འདུ་ཤེས་གསར་བ་རྒྱུན་འཁྱོངས། རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་སྒོས། འཕར་སྣོན་བརྟན་པོ་དང་སྒྱུར་བཅོས་སྐུལ་འདེད། སྒྲིག་གཞི་སྙོམས་སྒྲིག དམངས་འཚོར་དངོས་ཕན། ཉེན་ཁ་སྔོན་འགོག བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་བྱ་བ་ཚང་མར་གཅིག་གྱུར་འཆར་འགོད་བྱས་ཏེ། ཀྲུང་དབྱང་གི“བརྟན་པོ་དྲུག”གི་བླང་བྱ་བརྩི་སྲུང་བྱས་ཡོད་ཅིང་། དཔལ་འབྱོར་ཕྱིར་བཤོལ་འགྲོ་བཞིན་པར་འཕྲད་པའི་གནོད་ཤུགས་དང་འགྲན་སློང་ལ་ཧུར་ཐག་གིས་གདོང་གཏད་དེ། འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་དང་། དཀའ་ངལ་ཁྱད་བསད། འབད་པ་ལྷུར་ལེན། སྟོབས་ཤུགས་མཉམ་འདོན། དཀའ་སྤྱད་དངོས་སྒྲུབ་བཅས་ཀྱི་སྒོ་ནས་ཁུལ་དམངས་ཆེན་སྐབས་བཅུ་དྲུག་པའི་ཚོགས་འདུ་ཐེངས་གསུམ་པས་གཏན་ཁེལ་བྱས་པའི་དམིགས་འབེན་དང་འོས་འགན་ཅུང་ལེགས་པར་འགྲུབ་ཡོད།

ཀྲའོ་ལིན་ཡུན་གྱིས་བཤད་པར། 2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་དང“ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པ”མཇུག་བསྡུ་བའི་ལོ་ཞིག་ཡིན་ལ། “ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི”འཕེལ་རྒྱས་ལ་རྨང་གཞི་ཡག་པོ་འདིང་བའི་གནད་འགག་གི་ལོ་ཞིག་ཀྱང་རེད། སྲིད་གཞུང་གི་བྱ་བའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་བ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ནན་ཏན་གྱིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་པ། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཆེན་མོ་བཅས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། “འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱ་ཐུབ་པ་བཅས་བྱས་ཏེ། ཞིང་ཆེན་ཏང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པ་དང་ཁུལ་ཏང་གི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་བཀོད་སྒྲིག་དང་བླང་བྱར་དམ་པོར་དམིགས་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ། བརྟན་པོའི་ངང་གོང་དུ་འཕར་བའི་བྱ་བའི་གཞི་རྩ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་མཐའ་འཁྱོངས་བྱེད་པ། སྒྱུར་བཅོས་སྒོ་འབྱེད་སྒུལ་ཤུགས་སུ་འཛུགས་པ་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལྗང་མདོག་དར་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། “མཁྲེགས་གཏོར་དམག་འཐབ་ཆེན་པོ་གསུམ”མཐའ་གཅིག་ཏུ་ལེགས་པོ་རྒྱག་པ་བཅས་བྱས་ནས། “བརྟན་ལྷིང་དྲུག”གི་བྱ་བ་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབ་དགོས། བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། སྒྲིག་གཞི་ལེགས་སྒྲིག དམངས་འཚོར་དངོས་ཕན། ཉེན་ཁ་སྔོན་འགོག བརྟན་ལྷིང་འགན་ལེན་བཅས་ཀྱི་བྱ་བ་ཁག་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་མཚམས་སུ་གནས་ཐུབ་པ་རྒྱུན་འཁྱོངས་བྱ་རྒྱུར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་། “ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པ”ཕུན་སུམ་ཚོགས་པའི་ངང་མཇུག་སྒྲིལ་བ་ཁག་ཐེག་བྱ་དགོས།

ཀྲའོ་ལིན་ཡུན་གྱིས་བསྟན་པར། ཁུལ་ཏང་གི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཁུལ་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་གཞིར་བཟུང་ནས། ད་ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ཁུལ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར 4.5%འཕར་དུ་འཇུག་རྒྱུ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད 6%ཡན་འཕར་རྒྱུ། སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ 4.5%འཕར་དུ་འཇུག་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར 8%འཕར་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་ཆོག་པའི་ཡོང་སྒོ་སོ་སོ 7%ནས 8%ཡས་མས་ལ་འཕར་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་མི 5000གསར་དུ་ལས་ཞུགས་བྱས་ནས། གྲོང་ཁྱེར་དང་གྲོང་རྡལ་དུ་ཐོ་འགོད་ལས་ཀ་ཤོར་ཚད 4%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་གི་འཕར་ཚད་ཆག་གྲངས 3%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ། རྩིས་གཞིའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་དང་སྦགས་བཙོག་དངོས་རིགས་གཙོ་བོ་ཕྱིར་འབུད་ཚད་ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་དམིགས་ཚད་དུ་ཚོད་འཛིན་བྱས་ཐུབ་པ་བྱ་རྒྱུ།

ཚོགས་ཆེན་གྱིས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང 2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ (ཡིག་ཐོག)དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི 2019ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང 2020ལོའི་ཁུལ་ཡོངས་དང་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ (ཡིག་ཐོག)བཅས་ལ་གྲོས་ཞིབ་བྱས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།