ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཀླུ་ཆུ་དང་། རྨ་ཆུ། ཐེ་བོ། བསང་ཆུ་སོགས་རྫོང་དྲིལ་བསྒྲགས་རིག་གནས་སྡེ་ཚན་གྱིས་གཙོ་གཉེར་བྱས་པ་དང་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་བོད་རྒྱ་ཡིག་གཟུགས་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བའི“ལོ་སར་དགའ་བས་བསུ་ཞིང་ཚོགས་ཆེན་གཉིས་ལ་རྟེན་འབྲེལ་ཞུ”ཞེས་པའི་བོད་རྒྱ་ཡིག་གཟུགས་འགྲེམས་སྟོན་དང་རིན་མེད་གཅེས་འབུལ་གྱི་བྱེད་སྒོ་སྤེལ་བ་རེད།
ཁུལ་ཡོངས་ཀྱི་རྫོང་ཁག་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་བཏོད་པའི་མཚམས་སུ་བྱེད་སྒོ་འདི་འདྲ་སྤེལ་བ་བརྒྱུད་མི་རིགས་མཐུན་སྒྲིལ་གྱི་སྙིང་སྟོབས་མང་ཚོགས་ཚང་མའི་སེམས་སུ་འཇགས་པ་མཚོན་པར་བྱས་ཤིང་། ཀན་ལྷོ་ཁུལ་རིགས་སོ་སོའི་མི་དམངས་ཀྱིས་དགའ་དགའ་སྤྲོ་སྤྲོའི་ངང་ལོ་སར་རོལ་ཐུབ་པ་དང་ཆབས་ཅིག་ཁུལ་ཡོངས་ཀྱི“ཚོགས་ཆེན་གཉིས”ལ་སྨོན་འདུན་བཟང་བོ་ཞུས་པ་རེད།
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཀན་ལྷོ་ཁུལ་གྱི་རྫོང་དང་གྲོང་ཁྱེར་ཁག་ཅིག་གིས་བོད་རྒྱ་ཡིག་གཟུགས་འགྲེམས་སྟོན་དང་ཤིས་ཚིག་ཡིག་གཟུགས་རིན་མེད་གཅེས་འབུལ་བྱེད་པའི་བྱེད་སྒོ་སྤེལ་བ།