ཀྲུང་གོ་བོད་ཀྱི་དྲ་བ།

ཧོ་མོའུ་པའོ་འཁོར་དང་བཅས་པས་ཀན་ལྷོ་ཁུལ་གྱི་བཅའ་སྡོད་དམག་དཔུང་ལ་འཚམས་འདྲི་བྱས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་སྐབས་སུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་དང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་མ་ལུང་ཆོན། དེ་མིན་ཁུལ་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་བཅའ་སྡོད་དམག་དཔུང་ལ་འཚམས་འདྲི་བྱས་པ་དང་། ཁུལ་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཡན་ལག་རུ་ཁག་དང་གཙོས་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་ལ་འཚམས་འདྲིའི་དངུལ་སྒོར་ཁྲི5རེ་སྤྲད་དེ། བཅའ་སྡོད་དཔོན་དམག་ལ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་ཐུགས་ཁུར་བསྐྱལ།

ཧོ་མོའུ་པའོ་འཁོར་དང་བཅས་པ་ཁུལ་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཡན་ལག་རུ་ཁག་གི་ཕྱོགས་བསྡུས་སྦྱོང་བརྡར་ཁང་དུ་ལྟ་སྐོར་བྱས་ཏེ་རུ་མི་ཚོའི་སློབ་སྦྱོང་དང་འཚོ་བ། སྦྱོང་བརྡར་བཅས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་མ་ཟད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་འདས་ཟིན་པའི་ལོ་གཅིག་གི་རིང་ཚང་མས་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་གཏན་འཇགས་སྲུང་སྐྱོང་ཐད་དུ་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུས་ཤིང་ཚང་མར་དཔྱིད་གསར་གྱི་སྨོན་འདུན་དང་དུས་ཆེན་གྱི་འཚམས་འདྲི་ཞུས། ཧོ་མོའུ་པའོ་ཡིས་ཚང་མས་ས་གནས་ཀྱི་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་སྲུང་སྐྱོང་བྱེད་པའི་བླ་ན་མེད་པའི་འགན་འཁྲི་སྔར་བས་ལེགས་པར་བསྒྲུབ་པ་དང་། དུས་རབས་གསར་བ་དང་དམིགས་ཚད་གསར་བར་དམ་པོར་དམིགས་ནས་དངོས་འཐབ་ཅན་གྱི་སྦྱོང་བརྡར་ལ་སྔར་བས་ཤུགས་སྣོན་པ་དང་། རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཁྲོད་ནུས་པ་སྔར་ལས་ཆེ་བ་བཏོན་ནས་བྱས་རྗེས་དེ་བས་ཆེན་པོ་འཇོག་དགོས་ཞེས་བསྟན།

གཙོས་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་དུ་ཧོ་མུའུ་པའོ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ནགས་ཚལ་མེ་ཟོན་རུ་ཆེན་གྱི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་སྔར་བཞིན་དོ་ཁུར་དང་རྒྱབ་སྐྱོར་བྱ་ངེས་ཡིན། རྒྱ་ཆེའི་བཀོད་འཐབ་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཏང་ལ་ལྷག་བསམ་དཀར་ཞིང་སྒྲིག་ཁྲིམས་ནན་པོ། སྲོག་ལ་མི་འཛེམ་པ། དམངས་ལ་ལྷག་བསམ་རྣམ་དག་བྱེད་པ”བཅས་ཀྱི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་ནས། འགན་འཁྲི་འཁུར་ཕོད་པ་དང་འགན་འཁྲི་ལ་ངོ་མི་གནོང་བ་དང་འཕྲལ་བསྟུན་རོགས་སྐྱོབ་ཀྱི“གཙོ་ཤུགས་དམག”གི་འགན་འཁྲི་ལེགས་པར་བསྒྲུབས་ཏེ། རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་ཆེད་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་དགོས་པའི་སྐུལ་མ་བཏང་།

ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་ནི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་ནས། སྤྱི་ཚོགས་ཡོངས་ཀྱིས་རྒྱལ་སྲུང་ལ་དོ་ཁུར་དང་མི་དམངས་དམག་དཔུང་ལ་དགའ་ཞེན་བྱེད་པའི་རྣམ་པ་བཟང་བོ་གཏོད་པ་དང་། རང་ཁུལ་གྱི་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་རྣམ་པ་བཟང་བོ་སྲ་བརྟན་དང་འཕེལ་རྒྱས་བཏང་ནས། རང་ཁུལ་གྱི་སྤྱི་ཚོགས་དང་ཆབ་སྲིད་གཏན་འཇགས་དང་། དཔལ་འབྱོར་དར་རྒྱས་གོང་འཕེལ། དམག་དཔུང་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་པ་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།