ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་བོ་རྫོང་གིས་དག་ཐེར་ཡོ་བསྲང་གི་ཕན་འབྲས་ལ་བརྟེན་ནས་སྡེ་བར་བཅའ་སྡོད་བྱེད་པའི་བྱ་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་ཨུའི་རྩ་འཛུགས་པུའི་ཡིས་སྡེ་བར་བཅའ་སྡོད་བྱེད་པའི་རོགས་སྐྱོར་གྱི་ཆེད་དོན་བཅོས་སྒྲིག་བྱ་བ་སྤེལ་བ་ཏན་ཏིག་མིན་པ་ཆེད་དོན་བཅོས་སྒྲིག་བྱས་ནས། སྒྲིག་འགལ་ངང་མི་སྣ་སྐོང་གཡར་བྱེད་པ་གཙང་བཤེར་དང་། འཚོ་བའི་འགན་ལེན་དོན་འཁྱོལ། ལྟ་སྐུལ་དོ་དམ་ནན་མོ་བྱེད་པ་སོགས་ཀྱི་ཐད་འབད་བརྩོན་ཆེན་པོས་ཏང་གི་སྟོབས་ཤུགས་དེ་དབུལ་སྐྱོར་མཁྲེགས་གཏོར་ཀྱི་འཐབ་ར་གཙོ་བོར་འདོན་ཐུབ་པ་བྱུང་ཡོད། 

རྫོང་ཡོངས་ཀྱི་ལས་ཁུངས་དང་བྱ་བྱེད་སྡེ་ཚན་གྱིས་ལས་བྱེད་པ་གཡར་སྤྱོད་བྱེད་ཚུལ་ལ་གཅིག་སྡུད་ཀྱིས་གཙང་བཤེར་བྱས་པ་དང་། ལས་བྱེད་པ་གཡར་སྤྱོད་ཀྱི་རྩིས་ཁྲ་བཟོས་པ་མ་ཟད། ཤང་དང་གྲོང་རྡལ་ཁག་གིས་ལས་བྱེད་པ་གཡར་སྤྱོད་ཀྱི་དེབ་ཐོ་བཟོས་ནས་ཐོ་འགོད་དང་གོང་ཞུ་བྱ་དགོས་པའི་བླང་བྱ་བཏོན་པ་དང་། གཡར་སྤྱོད་བྱས་པའི་ལས་བྱེད་པར་གོང་འོག་ར་སྤྲོད་བྱས་ཏེ་རེ་རེ་བཞིན་ཞིབ་བསྡུར་བྱས་ཏེ་ཁྱོན་ཡོངས་ནས་མཐིལ་རྟོགས་གཏིང་ལོན་བྱ་དགོས་པའི་བླང་བྱ་བཏོན། ན་ནིང་ནས་བཟུང་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ནས་སྐོང་འཐེན་དང་སྐོང་གཡར་བྱས་པའི་ལས་བྱེད་པ་བསྡོམས་པས་མི 101ཡོད་པ་དེས་རྫོང་ཡོངས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་གྱི་མཇུག་མཐའི་རྒྱལ་ཁ་ལེན་པར་རྩ་འཛུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱས།

རྫོང་ཡོངས་ཀྱི་སྡེ་བར་བཅའ་སྡོད་རོགས་སྐྱོར་རུ་ཁག75ཡི་འབྲེལ་ཡོད་ཐོབ་ཐང་དོན་འཁྱོལ་བྱས་ཚུལ་ལ་ཕྱོགས་ཡོངས་ནས་མཐིལ་རྟོགས་ཐོ་འགོད་བྱས་ཏེ་གཏན་འབེབས་ཀྱི་བླང་བྱ་ལྟར་དོན་འཁྱོལ་མ་བྱས་པའི་མངགས་གཏོང་སྡེ་ཚན་པར་བླང་བྱ་ལྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ནོར་སྲིད་ཐིང་གིས་རྫོང་ཐད་གཏོགས་སྡེ་ཚན་གྱི་སྡེ་བར་བཅའ་སྡོད་རོགས་སྐྱོར་བྱ་བྱེད་རུ་མི་རེར་སྤྲད་པའི་འཚོ་བའི་ཁ་གསབ་མངགས་གཏོང་སྡེ་ཚན་ལ་སྤྲད་ཡོད་པ་དང་། སྡེ་བའི་ཧྲུའུ་ཅི་དང་བོ་དང་སྡེ་བར་བཅའ་སྡོད་བྱ་བྱེད་རུ་ཁག་གི་གྲོན་དངུལ་རྩིས་ཞུ་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བཅས་བྱས་ཏེ་སྡེ་བའི་ཧྲུའུ་ཅི་དང་བོ་དང་རོགས་སྐྱོར་ལས་བྱེད་པའི་འགན་ལེན་བྱ་བ་ལེགས་པོར་བསྒྲུབས་ཡོད། 

སྡེ་བའི་ཧྲུའུ་ཅི་དང་བོ་དང་རོགས་སྐྱོར་བྱ་བྱེད་རུ་ཁག་གི་རུ་མི་མངགས་གཏོང་གི་འགག་སྒོ་ནན་པོ་བསྲུངས་ནས་དམག་འཐབ་དྲག་པོ་རྒྱག་ཐུབ་པའི་ལས་བྱེད་པ་དབུལ་སྐྱོར་མཁྲེགས་གཏོར་གྱི་འཐབ་ས་གཙོ་བོར་མངགས་གཏོང་བྱས། རྫོང་གི་སྡེ་བར་བཅའ་སྡོད་རོགས་སྐྱོར་བྱ་བྱེད་རུ་ཁག་ལ་ཆེད་དོན་དུས་བཅད་ལྟར་སྡེ་བར་བཅའ་སྡོད་རོགས་སྐྱོར་བྱ་བྱེད་རུ་ཁག་གི་རུ་མི 23ལས་གནས་ཐོག་མངོན་འདྲི་ལྐོག་བཤེར་བྱས་པ་དང་ཟླ་རེར་དུས་བཅད་ལྟར་རྫོང་ཡོངས་ཀྱི་སྡེ་བར་བཅའ་སྡོད་རོགས་སྐྱོར་བྱ་བྱེད་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་གྱི་བྱ་བའི་འཆར་ཅན་ཚོགས་འདུ་འཚོགས་ནས་འགྱུར་མེད་ལམ་ལུགས་ལ་བརྟེན་ནས་མི་ལ་དོ་དམ་དང་བྱ་བར་དོ་དམ་བྱེད་པ་མངོན་འགྱུར་བྱུང་།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།