ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་བོད་ཁུལ་ཕྱོགས་ཡོངས་ནས་དབུལ་ཐར་བྱུང་ཡོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་གྱི་ཧྲིན་ཀྲང་ཐང་རེན་ཅན་གྱིས་ཚེས་10ཉིན་ཀན་སུའུ་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་གྲོས་ཚོགས་སྟེང་།  2019ལོར་ཀན་སུའུ་ཞིང་ཆེན་གྱི་དབུལ་ཕོངས་རྫོང་31གི་དབུལ་ཞྭ་ཕུད་པ་དང་།   བོད་རིགས་ས་ཁུལ་ཡོངས་དབུལ་ཐར་མངོན་འགྱུར་བྱས་ཏེ།   ཞིང་ཆེན་ཡོངས་སུ་དབུལ་ཕོངས་མི་གྲངས་ཁྲི་93.5ཇེ་ཉུང་དུ་ཕྱིན་ལ།   དབུལ་ཕོངས་ཏུ་འགྱུར་ཚད་0.9%ཇེ་དམའ་རུ་སོང་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བཤད།

ཚོགས་འདུའི་ཐོག ཀན་སུའུ་ཞིང་ཆེན་གྱི་ཐོན་ལས་དབུལ་སྐྱོར་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཡོད།   2019ལོར་ཐོན་ལས་དུད་ཚང་ལ་རོགས་སྐྱོར་བྱ་རྒྱུའི་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ནས་“ནོར་ལུག་དང་། སྔོ་ཚལ། སིལ་ཏོག ཞོག་ཁོག སྨན་རྫས”བཅས་ཁྱད་ལྡན་ཐོན་ལས་དྲུག་གི་འདེབས་གསོའི་གཞི་ཁྱོན་མགྱོགས་མྱུར་ངང་རྒྱ་ཆེར་བཏང་བ་དང་། དབུལ་ཕོངས་མང་ཚོགས་ཁྲི་8.25ལ་ཐོན་ལས"ཆུང་གྲས་ལྔའི་"འཕེལ་རྒྱས་གཏོང་རྒྱུར་རོགས་སྐྱོར་བྱས།  དབུལ་སྐྱོར་འཁོར་ཁང་1225གསར་བསྐྲུན་བྱས་ཏེ་རིམ་རྩིས་བྱས་ན་1952ཟིན་ཡོད་པ་དང་། དེར་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ངལ་རྩོལ་པ་ཁྲི་3.34བསྡུ་ལེན་བྱས་ཡོད་ཞེས་ཁྱབ་བསྒྲགས་བྱས།

ཐང་རེན་ཅན་གྱིས་བཤད་རྒྱུར། 2020ལོར་ཀན་སུའུ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི་ལྷག་མའི་དབུལ་ཕོངས་མི་ཁྲི་17.5དབུལ་ཐར་བྱེད་ཐུབ་པ་དང་།   དབུལ་ཕོངས་རྫོང8ཀྱི་དབུལ་ཞྭ་ཕུད་རྒྱུ་དེ་ཡིན་པས་ངེས་པར་དུ་དུས་བཅད་ལྟར་དབུལ་ཐར་གྱི་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུའི་ཁག་ཐེག་བྱེད་དགོས།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།