ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱིས་དགུན་གྱི་དྲོ་སྐྱིད་སྐྱེལ་བའི་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གཙོས་གྲོང་ཁྱེར་གྱིས་དགུན་གྱི་དྲོ་སྐྱིད་སྐྱེལ་བའི་བྱ་འགུལ་སྤེལ་ནས། གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང་གི་ཆེས་དཀའ་ཁག་ཆེ་བའི་རྒན་རྒོན་ལ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་སྐྱེལ།

འཚམས་འདྲིའི་སྐབས་སུ། གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང་གི་ཆེས་དཀའ་ཁག་ཆེ་བའི་རྒན་རྒོན182ལ་འཚམས་འདྲི་བྱས་ཏེ། ཁོ་ཚོའི་འཚོ་བའི་གནས་ཚུལ་ཞིབ་འདྲི་དང་དོན་དངོས་འཚོ་བའི་ཁྲོད་ཀྱི་དཀའ་ཁག་རྒྱུས་ལོན་བྱས་པ་མ་ཟད། ཁོ་ཚོར་རིན་ཐང་སྒོར་ཁྲི30ཡི་རྡོ་སོལ་དང་དགུན་ལྭ། ཕྱི་ལྭ། ཉལ་ཐུལ་དང་གདན་སོགས་དགུན་ཁའི་འཚོ་བའི་མཁོ་ཆས་སྤྲད་དེ། ཁོ་ཚོར་འཚོ་བར་སྤྲོ་སྣང་སྐྱེས་ནས་ལོ་སར་སྐྱིད་པོ་རོལ་བར་སྐུལ་འདེབས་བྱས།

ན་ནིང་ནས་བཟུང་། གཙོས་གྲོང་ཁྱེར་གྱིས་ཞིང་སྡེའི་ཆེས་དཀའ་ཁག་ཆེ་བའི་བདག་སྐྱོང་བྱ་ཡུལ་རྒན་རྒོན་གྱི་གསབ་དངུལ་གྱི་ཚད་གཞི་སྒོར 5226ཏུ་མཐོར་འདེགས་བཏང་བ་མ་ཟད། ལྟ་སྐྱོང་གི་ཚད་གཞི་དེ་འཚོ་བའི་རང་སྐྱོང་ནུས་པ་ལྡན་པ་དང་འཚོ་སྐྱོང་ནུས་པ་ཞན་པ། འཚོ་སྐྱོང་ནུས་པ་མེད་པའི་གནས་ཚུལ་གསུམ་ལ་གཞིགས་ནས། སོ་སོ་མི་རེར་ལོ་རེར་སྒོར 1200དང་སྒོར 2400  སྒོར 3600ཡི་ཚད་གཞི་ལས་མི་དམའ་བ་ལྟར་གསབ་དངུལ་སྤྲད། ལོ་ཧྲིལ་བོར་ཞིང་སྡེའི་ཆེས་དཀའ་ཁག་ཆེ་བའི་བདག་སྐྱོང་མ་དངུལ་སྒོར་ཁྲི 106ལྷག་འགྲེམ་གཏོང་བྱས། ཤང་གྲོང་དང་ཐར་ཐོར་དུ་གནས་པའི་ཆེས་དཀའ་ཁག་ཆེ་བའི་བདག་སྐྱོང་མི་སྣའི་བཟའ་མིའམ་གྲོགས་པོ། སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་ལ་མཛུབ་སྟོན་བྱས་ཏེ་མངགས་བཅོལ་ལྟ་སྐྱོང་ཞབས་ཞུའི་གྲོས་མཐུན་བཞག་ནས། ཐར་ཐོར་དུ་གནས་པའི་ཆེས་དཀའ་ཁག་ཆེ་བའི་བདག་སྐྱོང་མི་སྣའི་ཉིན་རྒྱུན་འཚོ་བའི་ལྟ་སྐྱོང་དང་སྨན་ཁང་དུ་སྡོད་པའི་ནད་གཡོག་སོགས་བྱེད་དུ་བཅུག དུས་མཚུངས་སུ། ཤང་གྲོང་གི་འགོ་ཁྲིད་དང་སྡེ་བའི་འགན་ལེན་ལས་བྱེད་པས་ཐར་ཐོར་དུ་གནས་པའི་ཆེས་དཀའ་ཁག་ཆེ་བའི་བདག་སྐྱོང་མི་སྣར་འཚམས་འདྲི་བྱེད་པའི་ལམ་ལུགས་བཙུགས་ནས། ཟླ་རེར་མ་མཐར་ཡང་འཚམས་འདྲི་ཐེངས་གཅིག་བྱེད་པར་ཁག་ཐེག་བྱས་པ་མ་ཟད། འཚམས་འདྲི་ཐོ་འགོད་ལམ་ལུགས་བཙུགས་ཏེ། གྲོས་མཐུན་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་བྱེད་པ་ཤུགས་སྣོན་དང་། ཁ་ཆད་ཞབས་ཞུའི་དོན་ཚན་དོན་ཐོག་ཏུ་འཁྱོར་བར་ལྟ་སྐུལ་བྱས་ནས། ཆེས་དཀའ་ཁག་ཆེ་བའི་བདག་སྐྱོང་མི་སྣར་བསམ་གསོ་ཐོབ་པ་མ་ཟད། གཞི་རྩའི་འཚོ་བར་འགན་ལེན་ཐོབ་པ་རེད།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།