ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུ་རྫོང་གི2019ལོའི་དཔལ་འབྱོར་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོར། འབྲུག་ཆུ་རྫོང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་འོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། རང་འགུལ་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱུས་ཀྱི་རྒྱུན་རྣམ་དང་བསྟུན་ཐབས་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་བྱ་བས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་གཅིག་འདོམས་བྱས་ཤིང་། ཧུར་ཐག་གིས་རྒྱུ་རྐྱེན་མི་ལེགས་པའི་ཤུགས་རྐྱེན་སྣ་ཚོགས་སེལ་ཏེ། ཉེན་ཁ་ཚབས་ཆེན་དང་གནད་ཁེལ་དབུལ་ཐར། སྦགས་བཙོག་འགོག་བཅོས་བཅས་མཁྲེགས་གཏོར་ཆེན་མོ་གསུམ་སྔོན་འགོག་དང་ཐག་གཅོད་བྱས། ཁྱོན་ཡོངས་ནས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་གྱི་ལས་ཞུགས་གཏན་འཇགས་དང་དངུལ་རྩ་གཏན་འཇགས། ཕྱིར་ཚོང་གཏན་འཇགས། མ་འཇོག་གཏན་འཇགས་སོགས་སྲིད་ཇུས་བྱ་ཐབས་དོན་འཁྱོལ་བྱས་པས། རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་ལེགས་པོ་ཐོན།

དཔག་རྩིས་བྱས་པ་ལྟར་ན། ལོ་ཧྲིལ་བོར་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར 17.6མངོན་འགྱུར་བྱུང་བ་དང་། དུས་མཚུངས་ལས 2.9%འཕར་བ། གཏན་འཇགས་རྒྱུན་ནོར་ལ་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར 23.05ལེགས་གྲུབ་བྱུང་བ་དང་། དུས་མཚུངས་ལས 1.4%འཕར་བ། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་སྤྱི་འབོར་སྒོར་དུང་ཕྱུར 4.7ལེགས་གྲུབ་བྱུང་བ་དང་། དུས་མཚུངས་ལས 8%འཕར་བ། ཤང་གྲོང་གི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཐུབ་པའི་ཡོང་འབབ་སྒོར 26204དང་སྒོར 8068ལ་བསླེབས་པ་དང་། དུས་མཚུངས་དང་བསྡུར་ན་སོ་སོ 7 %དང 9%འཕར་ཡོད། སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར 1.56ལེགས་གྲུབ་བྱུང་བ་དང་། ནོར་སྲིད་གཏོང་སྤྲོད་སྒོར་དུང་ཕྱུར 30.09ལེགས་གྲུབ་བྱུང་བས། སོ་སོ་དུས་མཚུངས་ལས 9.5%དང 13.5%འཕར། དངུལ་རྩའི་ལས་ཁུངས་ཀྱི་བཅོལ་དངུལ་དང་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར 73.14དང་སྒོར་དུང་ཕྱུར 42.17ཡོད་པས། སོ་སོ་དུས་མཚུངས་ལས 7.62%དང 12.75%འཕར་ཡོད། རྫོང་དང་ཤང་གིས་རང་རྟོག་རང་བཤེར་དང་ཁུལ་རིམ་པས་ཐོག་མའི་ཞིབ་བཤེར་བྱས་པ་བརྒྱུད། ཕྱོགས་བསྡུས་དབུལ་ཕོངས་འབྱུང་ཚད 0.83%ཡིན་པས། དབུལ་ཕོངས་སྡེ་བའི་དབུལ་ཐར་བྱུང་ཚད 97.7%ཡིན་པ་དང་། དབུལ་ཞྭ་ཕུད་པའི་ཆ་རྐྱེན་འཛོམས་འདུག།  

རྩོམ་སྒྲིག་པ། : ཀླུ་མོ་མཚོ།