ཀླུ་ཆུ་རྫོང་གིས་ཐོན་ལས་དབུལ་སྐྱོར་ལ་བརྟེན་ནས་ཁྱོན་ཡོངས་འབྱོར་འབྲིང་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བཞིན་པའི་སྐབས་དང་བསྟུན་ནས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་གིས་མང་ཚོགས་ལ་ཞབས་ཞུ་བྱེད་པའི་མཇུག་མཐའི་གོ་སྐབས་དམ་འཛིན་བྱས་ཏེ། ཐོན་ལས་དབུལ་སྐྱོར་ལ་བརྟེན་ནས་ཀ་ཤུལ་སྡེ་བ་གད་སྙིགས་མེད་པའི་མ་དཔེ་སྡེ་བ་དང “ཁོར་ཡུག་གསར་བརྗེའི”ཚད་ལྡན་སྡེ་བ། སྐྱེ་ཁམས་ཡུལ་སྐོར་གྱི་བོད་སྡེ་དང་བོ་བསྐྲུན་རྒྱུ་དམིགས་འབེན་དུ་བཟུང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་འདོམས་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱས། 

ཁྱད་ཆོས་གཙིགས་སུ་བཟུང་ཞིང་། མ་གཞི་སོར་བཞག་བྱེད་པའི་རྨང་གཞིའི་སྟེང་དུ། བྱེད་ནུས་མཐོར་འདེགས་དང་གསང་སྤྱོད་ཁང་བསྒྱུར་བཀོད། ནུས་ཁུངས་གྲོང་ཆུང་གི་ཁྲོ་ཐབ། འོད་ཤུགས་གློག་འདོན་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་དང་། སྲང་ལམ་འཛུགས་སྐྲུན། རིག་གནས་ཐང་ཆེན་སོགས་གསར་འཛུགས་བྱས་པ་བརྒྱུད། ཕྱི་ནང་ཀུན་གྱི་མཛེས་བཟོ་ལྗང་འགྱུར་མངོན་འགྱུར་བྱུང་བས། འབྲོག་པ་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་དང་སྡེ་བའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་། 

ཀ་ཤུལ་སྡེ་བའི་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱུས་མདུན་ལམ་ལ་དམིགས་ནས། ཐོན་ལས་གཉིས་པ་དང་གསུམ་པ་གོང་འཕེལ་བཏང་། “ནུས་རྩལ་གསོ་སྦྱོང +ཏང་ཡོན་གྱིས་སྣེ་ཁྲིད +མང་ཚོགས་ཀྱིས་སྒྲུབ་པའི”ལས་གཉེར་རྣམ་པ་སྤྱད་དེ། ཁྱད་ཆོས་ལྡན་པའི་འབྲོག་ཁྱིམ་སྤྲོ་ར 67བསྐྲུན། ཀ་ཤུལ་སྡེ་བའི་ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པས་སྔ་རྗེས་སུ་དུང་དཀར་ཁྱད་ལྡན་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སི་ཐོ་འགོད་བྱས་ཤིང་། གློག་རྡུལ་ཚོང་དོན་ལྟེ་གནས་བཙུགས་ཏེ། དྲ་ལམ་ནས་ལོ་ཧྲིལ་བོར་སྒོར་ཁྲི 20ལྷག་གི་ཕྱུགས་ལས་ཐོན་རྫས་བྲིན་ཚོང་བྱས་ཤིང་། ཧུར་ཐག་གིས་ཁང་ཧུའེ་ཡུལ་སྐོར་ལས་དོན་ཁང་སོགས་ཞིང་ཆེན་ཕྱི་ནང་གི་ཁེ་ལས་དང་ཡུན་རིང་མཉམ་ལས་བྱས། ལིའོ་ཡོན་འོ་ལས་ཀུང་སི་དང་ཀ་ཤུལ་སྡེ་བ་མཉམ་ལས་བྱས་པ་མ་ཟད། མོས་མཐུན་རང་བཞིན་གྱི་གྲོས་མཐུན་བཞག་ནས་རྩྭ་ར་མུའུ་ཁྲི 10འཁོར་སྐྱོད་བྱེད་པའི་འཆར་གཞི་བཀོད། དུས་མཚུངས་སུ། “བསྒྱུར་གསུམ”བསྒྱུར་བཅོས་སྐུལ་འདེད་བཏང་ནས། དུང་དཀར་མཛེས་ལྗོངས་ཁུལ་དང་གསེར་ཆེན་རས་གུར་གྲོང། དུང་དཀར་དམངས་ཁྲོད་སྒྱུ་རྩལ་ཚོགས་པ། འབྲོག་ཁྱིམ་སྤྲོ་ར་དང་གློག་རྡུལ་ཚོང་དོན་ལྟེ་གནས +འོད་ཤུགས་གློག་འདོན་ཐོན་ལས་ཏེ“5 + 1”གི་རྣམ་པ་གསར་བ་བསྐྲུན། སྡེ་དམངས་ཀྱིས་སྒོར་ཁྲི 29.7གྱིས་མ་རྐང་ཉོས་ནས་ཐུན་མོང་དཔལ་འབྱོར་གྱི་ནང་དུ་ཞུགས། དབུལ་ཕོངས་ཁྱིམ་ཚང 30%དང་སྤྱིར་བཏང་གི་ཁྱིམ་ཚང 40% མ་དངུལ་འཇོག་པའི་ཉེན་ཁུར་མ་དངུལ 30%ཡི “334ཡི་རྣམ་པ”ལྟར་མ་དངུལ་བཞག་ནས་ཁེ་སྤོགས་བགོས། ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་ཁྱིམ་ཚང 82ཀྱིས“རས་གུར་དབུལ་སྐྱོར”ལ་བརྟེན་ནས། གསེར་ཆེན་རས་གུར་གྲོང་དུ་མ་དངུལ་བཞག་པས། ལོ་མཇུག་ཏུ་ཁྱིམ་ཚང་རེ་རེར་ཁེ་སྤོགས་སྒོར 3600རེ་བགོས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱིས་ལས་ཞུགས་ལས་གནས 146ཐག་གཅོད་བྱས་ཤིང་། མི་རེར་ལོ་རེར་ཟླ་ཕོགས་རང་བཞིན་གྱི་ཡོང་སྒོ་སྒོར 15000ཡོད། འབྲོག་ཁྱིམ་སྤྲོ་རའི་ཁྱིམ་ཚང་རེའི་ཆ་སྙོམས་ཡོང་འབབ་རྐྱང་རྐྱང་སྒོར་ཁྲི 3ལ་བསླེབས་ཡོད། གློག་ཤུགས་གློག་འདོན་ཐོན་ལས་ལ་མ་དངུལ་སྒོར་ཁྲི 609བཏང་ནས་མ་འཇོག་ཀུང་སི་བཙུགས་པས། གློག་ཤུགས་གློག་འདོན་སྒྲིག་ཆས་ཝ 3000ཅན་གྱི་ཁྱིམ་ཚང 254བསྐྲུན་པ་སྟེ། “ཀུང་སི +འབྲོག་ཁྱིམ”གྱི་ལས་གཉེར་རྣམ་པ་བརྒྱུད། ཁེ་སྤོགས་སྒོར་ཁྲི 90ལྷག་ལ་བསླེབས་པས། གློག་ཤུགས་གློག་འདོན་ཁོ་ནའི་ཁེ་སྤོགས་ཁྱིམ་ཚང་རེར་སྒོར 2500བགོ་ཐུབ། ཀ་ཤུལ་སྡེ་བའི་ཡུལ་སྐོར་བ་མི་ཐེངས་ཁྲི 40སྣེ་ལེན་བྱེད་པར། ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི 730ལ་བསླེབས། རོང་འབྲོག་མང་ཚོགས་ཀྱིས་བཀོལ་སྤྱོད་ཐུབ་པའི་ཡོང་འབབ 2016ལོའི་སྒོར 6700ནས་2019ལོའི་སྒོར 15500མཐོར་འདེགས་བྱུང་། འཕར་ཚད 30%ཡན་ཡིན། 2018ལོ་ནས་སྡེ་བ་ཧྲིལ་བོ་དབུལ་ཐར་བྱུང་བ་དང་། “ཐོན་ཁུངས་མ་རྩར་འགྱུར་བ་དང་། མ་རྩ་མ་རྐང་དུ་འགྱུར་བ། འབྲོག་དམངས་མ་རྐང་འཇོག་མཁན་དུ་འགྱུར་བ”མངོན་འགྱུར་བྱུང་བས། སྡེ་བ་རིམ་པའི“ཡུལ་སྐོར +ལྟ་གཟིགས +རོལ་རྩེད +བཟའ་བཏུང +མགྲོན་ཁང +ཉོ་སྒྲུབ”གཞི་གཅིག་ཅན་གྱི་ཤང་སྡེའི་ཡུལ་སྐོར་ཐོན་ལས་གོང་འཕེལ་གྱི་འབྲེལ་ཐག་ཐོག་མ་ཆགས། 

མིག་སྔར། ཀ་ཤུལ་སྡེ་བ་ཁོངས་ཡོངས་སུ་གད་སྙིགས་མེད་པའི་མ་དཔེ་སྡེ་བ་དང་། “ཁོར་ཡུག་གསར་བརྗེའི”ཚད་ལྡན་སྡེ་བ། སྐྱེ་ཁམས་ཡུལ་སྐོར་གྱི་བོད་སྡེ་དང་བོ་རུ་འདེམས་པ་དང་། རྒྱལ་ཁབ་ཀྱི AAAA རིམ་པའི་ཡུལ་སྐོར་དཔེ་སྟོན་སྡེ་བར་དཔྱད་ཞིབ་ཐོབ་ཡོད།། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།