ཀྲུང་གོ་བོད་ཀྱི་དྲ་བ།

མ་ཐིང་ལི་ཡིས་ཀན་ལྷོ་ཁུལ་དུ་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སྒྲོག་འགྲེལ་བྱས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མ་ཐིང་ལི་ཡིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་སྙན་ཞུའི་གྲོས་ཚོགས་གཙོས་སུ་བསྡུས།

ཀན་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཀྲན་ལིའང་གིས་སྙན་ཞུའི་གྲོས་ཚོགས་ཀྱི་གཙོ་འགན་ཁུར།ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དབྱང་སྒྲོལ་མ་སོགས་ཀྱིས་ཡུལ་དངོས་སུ་སྙན་ཞུའི་གྲོས་ཚོགས་ལ་ཉན།

སྒྲོག་འགྲེལ་སྐབས་སུ། མ་ཐིང་ལི་ཡིས་གོ་བདེ་བའི་སྐད་ཆའི་ལམ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་གྲོས་འཆམ་བྱུང་བའིགཏན་འབེབསལ་དམ་པོར་དམིགས་ཏེ་ལོ་རྒྱུས་ཀྱི་དཔྱད་ཡིག་འབོར་ཆེན་དང་། ཞིབ་ཅིང་ཕྲ་བའི་གཞི་གྲངས། དེ་མིན་ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་བར་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་འགྲེལ་བཤད་ནན་མོ་བྱས་པ་མ་ཟད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་དགེ་མཚན་རྒྱས་བཤད་བྱས་ལ། སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་རྒྱས་བཤད་ཞིབ་ཕྲ་བྱས་པ་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱིཆོད་དོནགྱི་སྤྱིའི་བླང་བྱ་དང་སྤྱིའི་དམིགས་འབེན། གཙོ་གནད་ལས་འགན་བཅས་ལ་དམིགས་ནས་གོ་དོན་ཟབ་ལ་གནད་ལ་ཁེལ་བའི་འགྲེལ་བཤད་བྱས།

ཧྲི་ཀྲན་ལིའང་གིས་ཐེངས་འདིའི་སྒྲོག་འགྲེལ་གོ་སྐབས་སུ་བརྩིས་ནས་ཆབ་སྲིད་ཀྱི་ལངས་གནས་སྔར་བས་མཐོ་རུ་གཏོང་བ་དང་གྲོས་བསྡུར་དང་སློབ་སྦྱོང་གཏིང་ཟབ་བྱས་ཏེ། སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་བཏང་ནས། ཞིབ་ཚགས་ཀྱིས་རྩ་འཛུགས་དང་། དྲིལ་བསྒྲགས་དང་སྒྲོག་འགྲེལ་རྒྱ་ཁྱབ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་བྱ་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་རིམ་པ་སོ་སོ་དང་སྡེ་ཁག་སོ་སོའི་ཆབ་སྲིད་ཀྱི་འགན་འཁྲི་ནན་མོར་གཏོང་བ་དང་། མི་སེམས་གཅིག་སྒྲིལ་དང་ངོས་འཛིན་གཅིག་སྒྲིལ། བློ་གྲོས་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ་བཅས་ཀྱི་ཐད་འབད་བརྩོན་བྱས་ནས། འཆམ་མཐུན་གཏན་འཇགས་ཀྱི་རྣམ་པ་བཟང་བོ་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ་དང་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཡོང་ཆེད་ཧུར་ཐག་གིས་ལེགས་སྐྱེས་འབུལ་དགོས་ཞེས་བསྟན།

གཙོས་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཁྲེན་ཅི་དབྱང་གིས་སྒྲོག་འགྲེལ་ལ་ཉན་རྗེས། སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་ངོས་ཟིན་དང་གོ་བ་དེ་བས་གཏིང་ཟབ་ལོན་ཡོད། གོམ་སྟབས་རྗེས་མར་གཙོས་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་འཐབ་ཕྱོགས་གཅིག་གྱུར་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་དང་དུས་སྐབས་གསར་བའི་མི་རིགས་ཆོས་ལུགས་བྱ་བ་ལེགས་པར་བསྒྲུབ་སྟེ། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་ཞི་མཐུན་གཏན་འཇགས་བཅས་ཀྱི་རྣམ་པ་བཟང་བོ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་རྒྱུ་ཞེས་བསྟན།

ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཁུལ་མི་རིགས་བྱ་བའི་ཨུ་ཡོན་ལྷན་ཁང་། ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཀན་ལྷོ་སྤྱི་ཚོགས་རིང་ལུགས་སློབ་གླིང་། གཙོས་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་པུའུ། དེ་མིན་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་ཚན་ཁག་ཁོངས་མི་དང་ཏང་ཡོན་ལས་བྱེད་པ་ཡོངས་བཅས་བསྡོམས་པས་མི140ལྷག་གིས་སྙན་ཞུའི་གྲོས་ཚོགས་ལ་ཉན།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།