ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུ་རྫོང་དངུལ་རྭ་གྲོང་རྡལ་གྱིས་དབུལ་སྐྱོར་ཐོན་ལས་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དངུལ་རྭ་གྲོང་རྡལ་དབུལ་སྐྱོར་ཐོན་ལས་གླིང་གིས“ལྗང་མདོག་ཐོན་ལས། རྒྱུན་རིང་འཕེལ་རྒྱས”ཞེས་པའི་ཐོན་རྫས་གསར་བ་འགྲེམས་སྤེལ་བྱེད་པའི་ཚོགས་འདུ་ཁྲིན་ཏུའུ་རུ་བསྡུས།

རྨ་ཆུ་རྫོང་དངུལ་རྭ་གྲོང་རྡལ་ཨུ་ཡོན་ལྷན་ཁང་དང་རྨ་ཆུ་རྫོང་དངུལ་རྭ་གྲོང་རྡལ་མི་དམངས་སྲིད་གཞུང་གིས་འགྲེམས་སྟོན་གྲོས་ཚོགས་གཙོ་སྒྲུབ་བྱས་ཤིང་། རྨ་ཆུ་རྫོང་དངུལ་རྭ་གྲོང་རྡལ་དབུལ་སྐྱོར་ཐོན་ལས་གླིང་གིས་སྒྲུབ་འགན་ཁུར།

གྲོས་ཚོགས་སུ་དབུལ་སྐྱོར་ཐོན་ལས་གླིང་གི་འཐུས་ཚབ་པ་ནོར་བུ་ཆོས་འཕེལ་གྱིས“ཐེངས་འདིའི་གསར་སྤེལ་གྲོས་ཚོགས་ཀྱིས‘ཐོན་ཁུངས་ཀྱིས་ཐོན་ལས་སྐུལ་ཁྲིད་དང་ཐོན་ལས་ཀྱིས་ཁེ་ལས་སྐུལ་ཁྲིད། ཁེ་ལས་ཀྱིས་འབྱོར་འབྲིང་ལ་སྐུལ་འདེད་གཏོང་བ’དམིགས་ཡུལ་དུ་བྱས་པ་དང་། ‘འགྱུར་གསུམ་བཅོས་སྒྱུར’བྱ་བ་རྨང་གཞི་བྱས་ཏེ། དངུལ་རྭ་གྲོང་རྡལ་གྱི་དབུལ་སྐྱོར་ཐོན་ལས་དང་ཁེ་ལས་སྤུས་རྟགས་ཚོང་རའི་ཕྱོགས་སུ་ཁྱབ་བསྒྲགས་བྱས་ཤིང་། དངུལ་རྭ་གྲོང་རྡལ་གྱི་སྟོབས་ཤུགས་ལ་བརྟེན་ནས‘འགྱུར་གསུམ་བཅོས་སྒྱུར’དེ་ཞིང་སྡེ་དར་སྤེལ་གྱི་རེ་བའི་ས་བོན་དུ་འགྱུར་བར་བྱེད་པ། དེ་དང་དུས་མཚུངས་སུ། གཙོ་སྒྲུབ་ཕྱོགས་ཀྱིས་ཐེངས་འདིའི་གསར་སྤེལ་ཚོགས་འདུ་གོ་སྐབས་སུ་བཟུང་ནས་དབུལ་སྐྱོར་བྱ་བ་དང་ཞིང་སྡེ་དར་སྤེལ་བྱ་བར་སྔར་བས་ཤུགས་བསྣན་ཏེ། གྲོང་རྡལ་གྱི་ཐོན་ལས་འཐུས་སྒོ་ཇེ་ཚང་དང་འབྲོག་པ་མང་ཚོགས་ཕྱུག་འགྱུར་མངོན་འགྱུར་བྱ་རྒྱུའི་རེ་བ་ཡོད”ཅེས་བཤད།

འགྲེམས་སྟོན་གྲོས་ཚོགས་སུ་རྨ་ཆུ་རྫོང་རྨ་གཞུང་རབ་རྒྱས་ལྕགས་ར་བཟོ་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་དང་རྨ་ཆུ་རྫོང་དངུལ་རྭ་ཞོལ་མ་ཤང་དགེ་ལེགས་གཡང་འཛོམས་སྨན་རྩྭ་ཉོ་ཚོང་ཚད་ཡོད་འགན་འཁྲི་ཀུང་སི། རྨ་ཆུ་རྫོང་རྨ་ཀླུང་གཏེར་མཛོད་རིག་གནས་ཡུལ་སྐོར་ཚད་ཡོད་འགན་འཁྲི་ཀུང་སི་བཅས་ཁེ་ལས་གསུམ་གྱིས་ཐོན་རྫས་གསར་བ་འགྲེམས་སྤེལ་བྱས་པ་དང་། འགྲེམས་སྤེལ་བྱས་པའི་ཐོན་རྫས་སུ་མཐོ་སྒང་གི་ནོར་ཁུལ་གྱིས་ལས་སྣོན་བྱས་པའི་གཟན་ཤམ་དང་ཐང་ཀ རང་བྱུང་ལུད་རྫས་སོགས་ཁྱད་ལྡན་ཐོན་རྫས་ཡོད་པ་དང་། ཕྱོགས་སོ་སོ་ནས་ཡོང་བའི་ཁེ་ལས་པ་དང་ཆེད་མཁས་པའི་དགའ་བསུ་ཆེན་པོ་ཐོབ་ཅིང་། ལས་གཞི 6ལ་ཡུལ་དངོས་ནས་གན་རྒྱ་བཞག་པ་མ་ཟད། གན་རྒྱ་བཞག་པའི་མ་དངུལ་བསྡོམས་པས་སྒོར་ཁྲི400ཙམ་ལ་བསླེབས་པ་དང་། དངུལ་རྭ་གྲོང་རྡལ་དབུལ་ཐར་བྱས་ཏེ་འབྱོར་འབྲིང་དུ་བསྐྱོད་པར་རྨང་གཞི་བརྟན་པོ་བཏིང་།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།