ཀྲུང་གོ་བོད་ཀྱི་དྲ་བ།

སྐྱེ་ཁམས་འཛུགས་སྐྲུན་གྱིས་ཀན་ལྷོ་ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་སྐྱོད་པར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རང་གི་མིག་ལ་གཅེས་སྐྱོང་བྱེད་པ་ཇི་བཞིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་དགོས”ཞེས་གསུངས་པ་རེད། ཐོག་མ་ཉིད་ནས་བཟུང་ཉམས་ཞན་གྱི་སྐྱེ་ཁམས་ཁོར་ཡུག་དེ་ཀན་ལྷོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་འགལ་རྐྱེན་ཞིག་ཏུ་གྱུར་ཡོད། 

ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དོན་དངོས་ལ་དམིགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་ཀན་ལྷོ་ཁུལ་རྒྱུན་མཐུད་ངང་འཕེལ་རྒྱས་དང་ལྗང་མདོག་དར་རྒྱས་ཀྱི་འགག་སྒོ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་གང་ལེགས་བྱས། 2015ལོར་རྒྱལ་ཁབ་ཀྱི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་གྱི་མིང་བྱང་དུ་ཚུད་རྗེས། ཀན་ལྷོ་ཁུལ་གྱིས་རང་གིས་རང་ལ་གནོན་ཤུགས་སྤྲད་དེ“ཁོར་ཡུག་བཅོས་སྒྱུར”བྱ་འགུལ་ཕྱོགས་ཡོངས་ནས་སྤེལ། 

གཅོང་ནད་སེལ་འདོད་ན་སྨན་བཙན་པོ་བརྟེན་དགོས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཐོང་ཆེན་ཚད་མཐོ་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ་དམངས་ཡོངས་ཞུགས་རྒྱུ་དར་སྤེལ་བཏང་ནས་གད་སྙིགས་སྣ་ཚོགས་གང་བྱུང་དུ་འཇོག་པ་དང་། བརྡ་ཁྱབ་ཀྱི་སྒོ་བྱང་སྣ་ཚོགས་གང་བྱུང་དུ་སྦྱར་བ། ཚོང་ཁང་ཚོང་ས་གང་བྱུང་དུ་འཛུགས་པ་སོགས་ཀྱི་སྣང་ཚུལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཏེ“ཁོར་ཡུག་འཕྲོད་བསྟེན་དཔུང་ཁག་ཆེད་ལས་ཅན་དུ་འགྱུར་བ་དང་། གཙང་འཕྱག་ཞིབ་ཚགས་ཅན། ལས་ཀའི་ཚད་གཞི་ཚན་རིག་ཅན་དུ་འགྱུར་བ། ལྟ་སྐུལ་དོ་དམ་ཆ་འཕྲིན་ཅན་དུ་འགྱུར་བ། འཁོར་སྐྱོད་ལམ་སྲོལ་ཁྲོམ་ར་ཅན་དུ་འགྱུར་བ”བཅས་ཀྱི“ཅན་ལྔའི”བྱེད་སྟངས་ཁྱབ་གདལ་བཏང་ནས་ཤང་གྲོང་བཅའ་སྡོད་བྱ་ཡུལ་དང་། རོང་འབྲོག་སྡེ་བ་དང་། ཁྱིམ་ཚང་གི་སྒོ་ར་བཅས་ལ་དམིགས་ཏེ་ཁོངས་ཡོངས་ཀྱི་གད་སྙིགས་ཆེད་དོན་བཅོས་སྒྲིག་བྱ་བའི་འགྲོ་གྲོན་ནོར་སྲིད་སྔོན་རྩིས་ནང་བཅུག་ནས་ནོར་སྲིད་མ་དངུལ་གྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་དང་སྤྱི་ཚོགས་ཀྱི་མ་དངུལ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཏེ་སྲིད་གཞུང་དང་། ཁེ་ལས། སྤྱི་ཚོགས་བཅས་སྣ་མང་ཅན་གྱི་མ་འཇོག་ལམ་སྲོལ་རིམ་བཞིན་བཙུགས།

ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཆེད་དོན་བཅོས་སྒྲིག་བྱ་འགུལ་སྤེལ་བ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གད་སྙིགས་ས་སྦས་གཏོང་བ་དང་། གད་སྙིགས་རིགས་དབྱེ་གཙང་སེལ་བྱེད་པ། ཞིང་སྡེའི་གད་སྙིགས་ཕྱིར་གཏོང་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་དམིགས་ཏེ“ཚན་རིག་དང་མཐུན་པའི་བཀོད་སྒྲིག་འཛུགས་སྐྲུན་དང་མཁོ་བསྟུན་སྔོན་བཀོད”ཀྱི་རྩ་དོན་གཞིར་བཟུང་ཕྱོགས་མང་བོ་ནས་བརྩོན་ལེན་བྱས་ཏེ་ལོ་རེ་བཞིན་ལག་བསྟར་བྱས། 2015ལོ་ནས་བཟུང་རྫོང་དང་གྲོང་ཁྱེར་ཁག་གིས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་མ་དངུལ་སྒོར་དུང་ཕྱུར2.9གྲབས་གསོག་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་འཕྲོད་བསྟེན་སྒྲིག་ཆས་སྣ་ཚོགས་ཁྲི1.8ཉོ་སྒྲུབ་བྱས་ཤིང་ཁོར་ཡུག་འཕྲོད་བསྟེན་མི་སྣ་མི3600བཀོད་སྒྲིག་བྱས། གད་སྙིགས་གཙང་བཟོའི་རླངས་འཁོར1299དང་གད་སྙིགས་བླུགས་སྒམ21784སྤྲད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གད་སྙིགས་སྦས་ས1100ལྷག་གསར་སྐྲུན་བྱས། ལས་བཟོ་བ་དང་མང་ཚོགས་མི་ཐེངས་ཁྲི890ལ་སྐུལ་སློང་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་ཏུན་ཁྲི160གཙང་འདྲེན་བྱས། ཁུལ་ཡོངས་ཀྱི་གད་སྙིགས་ཐག་གཅོད་ས་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་འཆར་གཞིའི་དམིགས་ཚད་ཐོག་གད་སྙིགས་དང་བཙོག་ཆུ་སོགས་རྨང་གཞིའི་སྒྲིག་བཀོད་ཐད་སྤྱོད་པའི་ས་ཆའི་འཆར་གཞིའི་དམིགས་ཚད་སྔོན་ལ་འགན་ལེན་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་དང་གད་སྙིགས་ཐག་གཅོད་བྱེད་སའི་ས་གནས26བརྩོན་ལེན་བྱས་པས་རོང་འབྲོག་སྡེ་བའི་གད་སྙིགས་བསྡུ་སྐྱེལ་ས་ཚིགས་ཀྱི་དཀའ་གནད་ནུས་ལྡན་ངང་བསལ། 

ཁུལ་ཨུ་དང་ཁུལ་སྲིད་གཞུང་གིསཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་བཅོས་སྒྲིག་བྱ་བ་སྔར་བས་གཏིང་ཟབ་དང་རྒྱུན་མཐུད་ངང་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོདང་། ཀན་ལྷོ་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲའི་ཕྱོགས་བསྡུས་བཅོས་སྒྲིག་བྱ་བའི་ཚད་གཞི(ཚོད་ལྟའི་ལག་བསྟར)ཀན་ལྷོ་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲའི་ཕྱོགས་བསྡུས་བཅོས་སྒྲིག་ལྟ་སྐུལ་དཔྱད་ཞིབ་བྱ་ཐབས (ཚོད་ལྟའི་ལག་བསྟར)སོགས་སྔ་རྗེས་སུ་འགྲེམ་སྤེལ་བྱས། 

“ཁོར་ཡུག་གསར་བརྗེ”ཡིས་དེ་སྔའི“བཙོག་ཟིང་ཞན་གསུམ”གྱི་ལོ་རྒྱུས་ལ་བཟོ་བཅོས་བྱས་པ་དང་། “བདེན་ལེགས་མཛེས་གསུམ”གྱི་ངོ་མཚར་བཏོད་པ། “དྲག་རླུང་དྲག་པོས་གཅོང་ནད་བཅོས་པ་དང་། དཔྱིད་རླུང་གིས་ཐལ་རྡུལ་བཀྲུ་བ། སྦྲང་ཆར་གྱིས་སེམས་ཁམས་བརླན་པའི”ཕན་འབྲས་བཟང་བོ་ཐོབ་ཡོད། བྱ་བ་འདི་ཚན་རིག་ཅན་གྱི་ཆུ་ཚད་དང་། གསར་གཏོད་རང་བཞིན་གྱི་གྲུབ་འབྲས། དངོས་ཡོད་རང་བཞིན་གྱི་ཤུགས་རྐྱེན་བཅས་ཀན་ལྷོའི་ལོ་རྒྱུས་ཐོག་གི་དོན་རྐྱེན་གལ་ཆེན་གང་རུང་ཞིག་དང་བསྡུར་ན། དེས་ང་ཚོའི་དུས་བསྟུན་མདུན་སྐྱོད་ཀྱི་དུས་རབས་ཀྱི་སྙིང་སྟོབས་མངོན་པར་མཚོན་ཡོད།།   

རྩོམ་སྒྲིག་པ། : ཀླུ་མོ་མཚོ།