ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱི་རྒན་གསོའི་ཞབས་ཞུ་སླར་ཡང་སྐས་རིམ་གསར་བ་ཞིག་ཏུ་སླེབས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོ་ནས་བཟུང་སྟེ། གཙོས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གཙོ་གནད་གནད་དོན་ལ་དམིགས་ཏེ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་ནས་ཧུར་ཐག་སྒོས་རྒན་གསོའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་བས། རྒན་གསོའི་ཞབས་ཞུའི་བྱ་གཞག་སླར་ཡང་སྐས་རིམ་གསར་བ་ཞིག་ཏུ་སླེབས། 

གསར་དུ་བསྐྲུན་པའི་ཁ་གྱ་སྨད་རྒན་གསོ་ཁང་དངོས་སུ་སྤྱོད་འགོ་ཚུགས་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1328ཡོད་པ་དང་། ཁྱོན་མ་དངུལ་སྒོར་ཁྲི481བཏང་བ། ཉལ་ཁྲི20བཀོད་སྒྲིག་བྱས་ཡོད་པ། རོལ་རྩེད་ཁང་དང་ལྟ་ཀློག་ཁང་། ལྟ་སྐུལ་ཚོད་འཛིན་ཁང་། ཐབ་ཚང་། ཟ་ཁང་། ལུས་ཕོང་འཁྲུ་ས། ལུས་སྦྱོང་བྱེད་ས་སོགས་སྒྲིག་ཆས་ཆ་ཚང་ཞིག་བཀོད་སྒྲིག་བྱས་ཡོད་ལ། དུས་མཚུངས་སུ་རྒན་རྒོན་བྱ་འགུལ་ལྟེ་གནས་བཙུགས་ནས་མཐའ་འཁོར་གྱི་མི་ཧྲེང་རྒན་རྒོན་ལ་ཟ་མ་དང་སྤྲོ་གསེང་རོལ་རྩེད། འཚོ་བར་ལྟ་རྟོག་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པས་རྒན་རྒོན་གྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་བཏང་། གཙོས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་མ་དངུལ་སྒོར་ཁྲི 20བཏང་ནས་ཅང་ཙེ་དམངས་ཆེད་རྒན་གསོའི་ཞབས་ཞུ་ཀུང་སི་དང་རྒན་གསོའི་ཞབས་ཞུའི་གན་རྒྱ་བཞག་པ་དང་། གཙོས་གྲོང་ཁྱེར་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ལས་སྟེགས་བཙུགས་ཏེ། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་རྒན་རྒོན་ལ་གཙང་སྦྲ་དང་། སྨན་བཅོས། མྱུར་སྐྱོབ། ཟ་མ་སོགས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱས་ཤིང་། ཟླ་རེར་ཞབས་ཞུ་ཐེངས 2ནས 4བར་མཁོ་སྤྲོད་བྱས། སྲིད་གཞུང་གིས་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་རྣམ་པ་འདིས་རྒན་རྒོན་ཚོའི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་ཞིང་། གྲོང་ཁྱེར་ཡོངས་ཀྱི་རྒན་རྒོན་གྱི་ཞབས་ཞུའི་བྱ་གཞག་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།