ཚན་རྩལ་སྲིད་ཇུས་ཀྱིས་ཀན་ལྷོ་ཁུལ་གྱི་ཁེ་ལས་ཆུང་འབྲིང་གི་གསར་གཏོད་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཚན་རྩལ་ཅུའུ་ཡི་རྟོག་ཞིབ་ཚན་ཆུང་བསང་ཆུ་རྫོང་ཟླ་བ་གཡང་འཛོམས་སྐྱེ་ལྡན་ལུད་ལས་སྣོན་ཕྱིར་ཚོང་ཚད་ཡོད་འགན་འཁྲི་ཀུང་སིར་སོང་ནས་ཀན་ལྷོ་ཁུལ་གྱི་ཚན་རྩལ་རྣམ་པའི་ཁེ་ལས་ཆུང་འབྲིང་གི་གསར་གཏོད་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས། 

བསང་ཆུ་རྫོང་ཟླ་བ་གཡང་འཛོམས་སྐྱེ་ལྡན་ལུད་ལས་སྣོན་ཕྱིར་ཚོང་ཚད་ཡོད་འགན་འཁྲི་ཀུང་སིས་ལོ་འགའི་རིང་དུ་གསར་གཏོད་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བྱས་པ་བརྒྱུད་དེ། ཕྱུགས་ཟོག་གི་ལྕི་བ་དང་བྱ་རྟུག་ཉོ་སྒྲུབ་དང་། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རྣམ་པའི་ཁེ་ལས་སུ་གྱུར་ཡོད་ལ། ལོ་རེར་སྐྱེ་ལྡན་ལུད་དང་སྐྱེ་དངོས་སྐྱེ་ལྡན་ལུད་ཏུན་ཁྲི10ཐོན་སྐྱེད་བྱས་ཤིང་། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.5ལ་བསླེབས་ཡོད། མི100ལྷག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་དང་། རོང་འབྲོག་མང་ཚོགས་མི་ཁྲི་ལྷག་གི་ཡོང་འབབ་འཕར་སྣོན་ལ་སྐུལ་ཁྲིད་བྱས།

ཁུལ་ཚན་རྩལ་ཅུས་ཀྱིས་ཚན་རྩལ་ཞབས་ཞུ་དམ་འཛིན་ནན་མོ་བྱས་ཏེ། རྒྱུན་ཆད་མེད་པར་ལས་གཏོད་གསར་གཏོད་ཀྱི་རྣམ་པ་བཟང་བོ་ཞིག་བསྐྲུན་ནས་ནུས་ཤུགས་ཡོད་རྒུས་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་དང་། སྣེ་འདྲེན་ཁེ་ལས་ཀྱིས་ཁེ་ལས་ཆུང་འབྲིང་གི་གསར་གཏོད་འཕེལ་རྒྱས་ཁྲོད་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་བཅས་བྱས་ཏེ། ཁེ་ལས་ཆུང་འབྲིང་གི་གསར་གཏོད་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་རྒྱུ་ཡིན་པ།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།