ཀྲུང་གོ་བོད་ཀྱི་དྲ་བ།

གོར་མོ་ནས་ཏུན་ཧོང་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1000ZE9KYTHP.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས18ཉིན། སུའུ་པེ་ནས་མཱ་ཧའེ་ཁུལ་དུམ་བར་གྱི་ལྕགས་ལམ་གྱི་དུམ་བུ་ཤར་གཏོང་ཐུབ་པ་དང་བསྟུན་ནས། གོར་མོ་ནས་ཏུན་ཧོང་བར་གྱི་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པ་དང་། དེའི་ཐོག་ནས་ནུབ་བྱང་ས་ཁུལ་དུ་ཨ་ལོང་དབྱིབས་ཅན་གྱི་ལྕགས་ལམ་དྲ་བ་གསར་པ་ཆགས་ཏེ། ཀན་སུའུ་དང་། མཚོ་སྔོན། ཤིན་ཅང་། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལམ་རྒྱུད་ས་ཁུལ་དབུལ་སྒྲོལ་འགག་སྒྲོལ་ཐུབ་རྒྱུར“སྒུལ་ཤུགས་གསར་པ”བྱུང་བ་མཚོན་ཡོད། གོར་མོ་ནས་ཏུན་ཧོང་བར་གྱི་ལྕགས་ལམ་ནི་རྒྱལ་ཁབ་ལྕགས་ལམⅠརིམ་པའི་གློག་རླངས་ཅན་གྱི་ལྕགས་ལམ་རྐྱང་པ་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་ཀན་སུའུ་ཞིང་ཆེན་ཅིའུ་ཆོན་གྲོང་ཁྱེར་གྱི་ཁོངས་སུ་ཡོད། གོར་མོ་ནས་ཏུན་ཧོང་བར་གྱི་ལྕགས་ལམ་ནང་དེ་སྔར་ཤར་གཏོང་ཐུབ་པའི་ལིའུ་ཀོའུ་ནས་ཏུན་ཧོང་བར་དང་། ཏུན་ཧོང་ནས་སུའུ་པེ་བར། མཱ་ཧའེ་ནས་ཡིང་མཱ་ཞཱ་ཁུལ་དུམ་བར་བཅས་དང་དེ་བཞིན་ད་རེས་ཤར་གཏོང་བྱས་པའི་སུའུ་པེ་ནས་མཱ་ཧའེ་ཁུལ་དུམ་བར་གྱི་ལམ་དུམ་ཚུད་ཡོད་ཅིང་། ད་རེས་ཤར་གཏོང་བྱས་པའི་སུའུ་པེ་ནས་མཱ་ཧའེ་ཁུལ་དུམ་བར་གྱི་ལམ་དུམ་ཧྲིལ་པོར་སྤྱི་ལེ173ཡོད་ལ2013ལོའི་ཟླ་བཞི་པ་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད།

1000.jpg

1000MC55XA2N.jpg

22.jpg

གོར་མོ་ནས་ཏུན་ཧོང་བར་གྱི་ལྕགས་ལམ་ནི་མཚོ་བོད་ལྕགས་ལམ་དང་ལན་ཤིན་ལྕགས་ལམ(ལན་ཀྲོའུ་ནས་ཤིན་ཅང་བར)སྟེ་ལྕགས་ལམ་ཨ་མ་གཉིས་ཀྱི་འབྲེལ་མཐུད་ལམ་ཐིག་གལ་ཆེན་ཞིག་ཡིན་པས། ལན་མཚོ(ལན་ཀྲོའུ་ནས་མཚོ་སྔོན་བར)ལྕགས་ལམ་དང་། ལན་ཤིན་ལྕགས་ལམ(ལན་ཀྲོའུ་ནས་ཤིན་ཅང་བར) མཚོ་བོད་ལྕགས་ལམ་བཅས་དང་སྦྲེལ་མཐུད་བྱས་ནས་རང་རྒྱལ་ནུབ་བྱང་ས་ཁུལ་དུ་ཨ་ལོང་དབྱིབས་ཅན་གྱི་ལྕགས་ལམ་དྲ་བ་གསར་པ་ཞིག་ཆགས་ཡོད་པ་དང་། གོར་མོ་ནས་ཁུར་ལེ་བར་གྱི་ལྕགས་ལམ་དང་ཕན་ཚུན་བསྣོལ་ཏེ་ནུབ་བྱང་ས་ཁུལ་ནས་ཨེ་ཤེ་ཡ་དབུས་མར་སྐྱོད་པའི་རྒྱལ་སྤྱིའི་བགྲོད་ལམ་ཆེ་མོ་གཉིས་པར་གྱུར་ཡོད་པས། དེས་ཤིན་ཅང་དང་། ཀན་སུའུ། མཚོ་སྔོན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞི་སྦྲེལ་མཐུད་ཐུབ་ནས་ས་ཁུལ་དེའི་ལམ་དྲའི་སྟོང་ཆ་གསབ་སྟེ། ཤིན་ཅང་དང་བོད་ལྗོངས་དང་ཐ་ན་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་དབར་གྱི་ལྕགས་ལམ་གཡས་སྐོར་གཡོན་སྐོར་རྒྱག་དགོས་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་ཡོད། ཤིན་ཅང་དང་བོད་ལྗོངས་བར་གྱི་ལྕགས་ལམ་སྐྱེལ་འདྲེན་བར་ཐག་སྤྱི་ལེ་1100དང་དུས་ཡུན་ཆུ་ཚོད་10ཙམ་ཐུང་དུ་ཕྱིན་ནས། ལམ་རྒྱུད་ཀྱི་མི་དམངས་མང་ཚོགས་ཕྱིར་སྐྱོད་པར་ཧ་ཅང་སྟབས་བདེ་བྱུང་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།