བྱེ་ཐང་དུ་བསྐྲུན་པའི་ཏུན་གོར་ལྕགས་ལམ་གྱི་བྱེ་འབུར་རོང་ཟམ་ཆེན།

༡.jpg

འདི་ནི་ཏུན་གོར་ལྕགས་ལམ་གྱི་བྱེ་འབུར་རོང་གི་ཟམ་ཆེན་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏུན་གོར(ཏུན་ཧོང་ནས་གོར་མོ་བར)ལྕགས་ལམ་གྱི་བྱེ་འབུར་རོང་ཟམ་ཆེན་དེ་ཀན་སུའུ་ཞིང་ཆེན་ཅིའུ་ཆོན་གྲོང་ཁྱེར་ཨ་ཁེ་སའེ་ཧ་སག་རིགས་རང་སྐྱོང་རྫོང་ཁོངས་ཀྱི་ཁུའུ་མུའུ་ཐ་ཀེ་བྱེ་ཐང་དུ་གནས་ཤིང་། དེ་ནི་འགུལ་སྐྱོད་རང་བཞིན་གྱི་བྱེ་ཐང་ཁུལ་བརྒལ་བའི་ཟམ་ཆེན་ཞིག་ཡིན་ལ་ཏུན་གོར་ལྕགས་ལམ་གྱི་ཚོད་འཛིན་བྱེད་དཀའ་བའི་ལས་གཞི་ཞིག་ཀྱང་ཡིན། ངོ་སྤྲོད་བྱས་པར་གཞིགས་ན། ཟམ་པ་དེ་རྒྱག་སའི་ས་ཁོངས་སུ་བྱེ་རླུང་ལྡང་ཚད་མང་བ་དང་དུས་བཞི་དང་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཧ་ཅང་ཆེ་བས་འཚུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད་ཀྲུང་གོ་ལྕགས་ལམ་ཅུའུ་བཅུ་གཅིག་ཚོགས་པ་ཚད་ཡོད་ཀུང་སིའི་འཛུགས་སྐྲུན་པས་བྱེ་རིམ་གྱི་མཐུག་ཚད་དང་། ཁྱབ་ཚུལ། བརླན་ཚད་མི་འདྲ་བར་གཞིགས་ནས་བྱེ་ཕུང་ཁྲོད་ཟམ་པའི་ཀ་གདུང་བཟོ་སྐྲུན་བྱེད་པའི་ལག་རྩལ་ཆ་ཚང་ཞིག་བཟོ་ཐུབ་ཡོད།   

༢.jpg

འདི་ནི་ཏུན་གོར་ལྕགས་ལམ་གྱི་བྱེ་འབུར་རོང་གི་ཟམ་ཆེན་རེད། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།