ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་ནེ་རྫོང་གིས“བྱ་ཐབས་དྲུག”སྤྱད་དེ་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་སྡེའི་གསང་སྤྱོད་ཁང་བསྒྱུར་བཀོད་བྱ་བ་སྐུལ་འདེད་གཏོང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་མོ་བྱ་ཆེད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་བཀོད་སྒྲིག་ཡག་པོ། མ་དངུལ་འགན་སྲུང་། གསོ་སྦྱོང་མཛུབ་སྟོན། ལྟ་སྐུལ་ཞིབ་བཤེར། དྲིལ་བསྒྲགས་སྐུལ་སློང་བཅས“བྱ་ཐབས་དྲུག”ལ་བརྟེན་ནས། རྫོང་ཡོངས་ཀྱི་ཤང་གྲོང14དང་སྲིད་འཛིན་སྡེ་བ46ཏུ“གསང་སྤྱོད་ཁང་བསྒྱུར་བཀོད”བྱས་ཏེ། རོང་འབྲོག་སྡེའི་སྤྱིའི་རྣམ་པ་ཇེ་ལེགས་སུ་བཏང་།

འགོ་ཁྲིད་རྩ་འཛུགས་བྱས་ཏེ་རྨང་གཞི་བརྟན་པོ་བཏིང་བ། “རྫོང་གིས་མཛུབ་སྟོན་དང་ཤང་གིས་ལྟ་སྐུལ། སྡེ་བས་ལག་བསྟར”བྱེད་པའི་རིག་ལམ་ལྟར། རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་ཚན་གཙོ་བྱས་པ་དང་། རྫོང་ཨུའི་རྒྱུན་ཨུ་དང་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཁག་གིས་ཚན་གཙོ་གཞོན་པའི་འགན་ཁུར་ཞིང་། རྫོང་གཏོགས་ལས་ཁུངས(སྡེ་ཁག)གི་འགན་ཁུར་བ་ཁོངས་མི་བྱེད་པའི་རོང་འབྲོག་སྡེའི“གསང་སྤྱོད་ཁང་བསྒྱུར་བཀོད”བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ནས། རྫོང་ཡོངས་ཀྱི་རོང་འབྲོག་སྡེའི་མི་སྡོད་ཁོར་ཡུག་ཁྲོད་ཀྱི“གསང་སྤྱོད་ཁང་བསྒྱུར་བཀོད”གཅིག་གྱུར་འཆར་འགོད་དང་གཅིག་གྱུར་བཀོད་འདོམས། གཅིག་གྱུར་འཁོར་སྐྱོད་བྱེད་པའི་འགན་ཁུར་ཏེ། “གསང་སྤྱོད་ཁང་བསྒྱུར་བཀོད”བྱ་བར་ནུས་ལྡན་གྱི་རྩ་འཛུགས་ཀྱི་འགན་ལེན་འདོན་སྤྲོད་བྱས།

གསོ་སྦྱོང་དྲིལ་བསྒྲགས་ཀྱིས་ཁྲིད་སྟོན་བྱས་པ། སྤུས་ཚད་མཐོ་བའི་སྒོ་ནས“གསང་སྤྱོད་ཁང་བསྒྱུར་བཀོད”འཛུགས་སྐྲུན་ལས་འགན་དོན་འཁྱོལ་བྱ་ཆེད། རྫོང་ཡོངས་སུ “གསང་སྤྱོད་ཁང་བསྒྱུར་བཀོད”ཀྱི་བྱ་བ་སྤེལ་འགོ་བརྩམས། ཤང་གྲོང་སོ་སོ་དང་སྡེ་ཁག་སོ་སོའི་ལས་ཁུངས་ཀྱིས་མྱུར་ཏུ་ལག་བསྟར་དང་བཀོད་སྒྲིག་བྱས་ཏེ། འཕྲེད་ཡིག་འགེལ་བ་དང་སྦྱར་ཡིག་སྦྱར་བ། གྲོས་ཚོགས་བསྡུ་བ། དྲིལ་བསྒྲགས་ཡིག་ཆ་བཀྲམ་པ། འཕྲིན་ཕྲན་ཁྱབ་བསྒྲགས་སོགས་བྱ་ཐབས་སྣ་མང་སྤྱད་དེ། རྒྱ་ཁྱབ་སྒོས“གསང་སྤྱོད་ཁང་བསྒྱུར་བཀོད”ཀྱི་གལ་ཆེའི་དོན་སྙིང་དྲིལ་བསྒྲགས་བྱས་ཏེ། “གཞིས་ཁྱིམ་ཡག་པོ་བསྐྲུན་པར་དམངས་ཡོངས་ལ་འགན་ཁུར་ཡོད་པའི”སྤྱི་ཚོགས་ཀྱི་རྣམ་པ་ཁྱོན་ཡོངས་ནས་བསྐྲུན།

བཀོད་སྒྲིག་ཡག་པོས་ཡར་འདེགས་ལ་སྐུལ་བ། གསང་སྤྱོད་ཁང་ཆུང་ཆུང་། དམངས་འཚོ་ཆེ་ཆེ་ཡིན། “གསང་སྤྱོད་ཁང་བསྒྱུར་བཀོད”ནི་གོང་རིམ་གྱི་བླང་བྱ་དང་ཞིང་སྡེའི་བླང་བྱ། མང་ཚོགས་ཀྱི་རེ་བ་ཡིན་པས། ཅོ་ནེ་རྫོང་གིས་ཞིང་སྡེའི་གསང་སྤྱོད་ཁང་བསྒྱུར་བཀོད་བྱ་བ་ཞིང་སྡེ་དར་སྤེལ་བཏང་བའི་བྱ་བའི་ཤུགས་འདོན་ས་བྱས་ཏེ། གཅིག་གྱུར་གྱིས་འཆར་འགོད་དང་རིམ་པ་བཞིན་སྐུལ་འདེད་བཏང་། མུ་མཐུད་དུ་ཞིང་སྡེའི་གསང་སྤྱོད་ཁང་བསྒྱུར་བཀོད་བྱ་བའི་གྲུབ་འབྲས་སྲ་བརྟན་བཏང་། “གསང་སྤྱོད་ཁང་བསྒྱུར་བཀོད”བྱ་བ་ཚད་མཐོན་པོའི་སྒོ་ནས་སྐུལ་འདེད་གཏོང་ཆེད། བསྒྱུར་བཀོད་བྱེད་སྟངས་གཏན་ཁེལ་བྱས། ཤང་གྲོང་དང་སྡེ་བ་མི་གཅིག་པའི་དོན་དངོས་གནས་ཚུལ་གཞིར་བཟུང་སྟེ། དུས་བསྟུན་བབ་མཐུན་དང་སྡེ་བསྟུན་ཇུས་འགོད། མང་ཚོགས་ཀྱི་འདོད་བློ་ལ་བརྩི་བའི་སྒོ་ནས། ཚན་རིག་གིས་སྲིད་འཛིན་སྡེ་བ་སོ་སོའི་བསྒྱུར་བཀོད་བྱ་ཐབས་གཏན་ཁེལ་བྱས།

ལྟ་སྐུལ་ཞིབ་བཤེར་གྱིས་དོན་འཁྱོལ་དམ་འཛིན་བྱས་པ། ཅོ་ནེ་རྫོང་གིས“གསང་སྤྱོད་ཁང་བསྒྱུར་བཀོད”འཛུགས་སྐྲུན་བརྒྱུད་རིམ་ཁྲོད་དུ། དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་ཕུགས་འདུན་དང་ལས་འགན་མི་བརྗེད་པར། རྫོང་ཞིང་ལས་ཞིང་སྡེ་ཅུས་དང་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས། རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱི་འགན་ཁུར་མི་སྣ་གཙོ་བོ་ཁོངས་མི་བྱེད་པའི“གསང་སྤྱོད་ཁང་བསྒྱུར་བཀོད”ཀྱི་ཆེད་དོན་ལྟ་ཞིབ་ཚན་ཆུང་བཙུགས་ནས། མ་དངུལ་གཏོང་སྤྲོད་དང་འཛུགས་སྐྲུན་བྱེད་ཚད། བཙོག་ཆུ་ཐག་གཅོད་སོགས་ཀྱི་ཕྱོགས་སུ་ཡུལ་དངོས་ནས་ལྟ་སྐུལ་མཛུབ་སྟོན་བྱས་ཤིང་། གནད་དོན་ལ་འཕྲད་ན་ཡུལ་དངོས་ནས་མཛུབ་སྟོན་བྱས་ཤིང་། དུས་བཀག་ནང་སྒྲིག་བཅོས་བྱེད་དུ་བཅུག  བྱ་བའི་འཕེལ་རིམ་དལ་བ་དང་བྱ་བ་ཡག་པོ་མི་སྒྲུབ་པའི་ཤང་གྲོང་ལ་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་སྐྱོན་བརྗོད་བརྡ་ཁྱབ་བཏང་།

མིག་སྔར་ཐུག་བར་དུ། རྫོང་ཡོངས་སུ་སྤྱི་བའི་སྤྱོད་ཁང74ལེགས་གྲུབ་བྱུང་ཞིང་། ལས་འགན་གྱི142%ཟིན། སྒེར་གྱི་སྤྱོད་ཁང6270ལེགས་གྲུབ་བྱུང་བས་ལས་འགན་གྱི104%ཟིན། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་དོན་འཁྱོལ་བྱེད་པའི་རྨང་གཞིའི་སྟེང་དུ། མ་དངུལ་སྒོར་ཁྲི840གྲབས་གསོག་བྱས་ཏེ། སྒེར་གྱི་གསང་སྤྱོད་ཁང་བསྒྱུར་བཀོད་བྱེད་པར་གསབ་དངུལ་སྒོར1400རེ་སྤྲད། གསང་སྤྱོད་ཁང་བསྒྱུར་བཀོད་བྱས་པ་བརྒྱུད། རོང་འབྲོག་མང་ཚོགས་ཀྱི་གསང་སྤྱོད་ཁང་གི་དཀའ་ཁག་ཐག་གཅོད་བྱས་པ་མ་ཟད། ཁོར་ཡུག་བཙོག་ཟུང་ཞན་གསུམ་གྱི་གནད་དོན་ནུས་ལྡན་གྱི་ལེགས་བཅོས་བྱུང་བས། ཚད་ཆེན་པོའི་སྒོ་ནས་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་དང་བདེ་སྐྱིད་ཀྱི་སྣང་བ་མཐོར་འདེགས་བྱུང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།