ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་བསང་ཆུ་རྫོང་བྲག་དཀར་བྲག་ཞུན་བྲག་ཕུག་རྗེས་ཤུལ་གྱི་འགྱུར་རྡོ་2019ལོའི་ལོ་འཁོར་གྱི་འཛམ་གླིང་གི་གནའ་རྫས་རྟོག་ཞིབ་ཀྱི་ཤེས་རྟོགས་ཆེ་གྲས་བཅུའི་ནང་ཚུད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨ་རིའི་གནའ་རྫས་རྟོག་ཞིབ་དུས་དེབ་《Archaeology》དྲ་ཚིགས་ཀྱི་བཅད་ལེན་པར་རིས།  རྟགས་དམར་པོ་བརྒྱབ་ཡོད་པ་དེ་ནི་ཏན་ཉི་སུའོ་ཝ་མིའི་འགྱུར་རྡོ་ཤེས་རྟོགས་བྱུང་བའི་གྲུབ་འབྲས་རེད།

ཉེ་ཆར་ཨ་རིའི་གནའ་རྫས་རྟོག་ཞིབ་དུས་དེབ《Archaeology》ཀྱིས་2019ལོའི་ལོ་འཁོར་གྱི་འཛམ་གླིང་གི་གནའ་རྫས་རྟོག་ཞིབ་ཤེས་རྟོགས་ཆེ་གྲས་བཅུ་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སའོ་དང་། ལན་ཀྲོའུ་སློབ་ཆེན། འཇར་མན་མཱ་ཕུའུ་འཕེལ་འགྱུར་མིའི་རིགས་རིག་པའི་ཞིབ་འཇུག་སའོ་བཅས་ཀྱི་མཁས་དབང་གིས་སྣེ་ཁྲིད་པའི་ཞིབ་འཇུག་ཚོགས་པས་ཀན་སུའུ་བསང་ཆུ་རྫོང་བྲག་དཀར་བྲག་ཞུན་བྲག་ཕུག་གནའ་ཤུལ་ཁྲོད་གནའ་བོའི་མིའི་རིགས་ཀྱི་ཏན་ཉི་སུའོ་ཝ་མིའི་འགྱུར་རྡོ་རྙེད་པའི་གྲུབ་འབྲས་དེ་ཚུད་ཡོད་པ་རེད།

2019ལོའི་ཟླ་5ཚེས་2ཉིན་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སའོ་དང་། ལན་ཀྲོའུ་སློབ་ཆེན། འཇར་མན་མཱ་ཕུའུ་འཕེལ་འགྱུར་མིའི་རིགས་རིག་པའི་ཞིབ་འཇུག་སའོ་བཅས་ཀྱི་མཁས་དབང་གིས་སྣེ་ཁྲིད་པའི་ཚོགས་པས《རང་བྱུང》དུས་དེབ(Natane)ཐོག་ཞིབ་འཇུག་གི་གྲུབ་འབྲས་ཕུད་པ་རེད། ཞིབ་འཇུག་ལས་གསལ་སྟོན་བྱས་དོན། ཀྲུང་གོའི་བསང་ཆུ་རྫོང་དུ་ཤེས་རྟོགས་བྱུང་བའི་གནའ་བོའི་མིའི་རིགས་ཀྱི་མ་མགལ་རུས་པའི་འགྱུར་རྡོ་ཞིག་ད་ལྟའི་བར་ལོ་ཁྲི16འགོར་ཡོད་པ་དང་དེ་ནི་ཞི་པོ་ལི་ཡའི་ཨར་ཐེ་རི་བོའི་ས་ཁུལ་གྱི་ཏན་ཉི་སུའོ་ཝ་བྲག་ཕུག་ཕུད་ཤེས་རྟོགས་བྱུང་བའི་ཏན་ཉི་སུའོ་ཝ་ཡི་མིའི་འགྱུར་རྡོ་ཐོག་མ་དེ་ཡིན་ལ་མིག་སྔར་མཚོ་བོད་ས་མཐོའི་མིའི་རིགས་ཀྱི་འགུལ་སྐྱོད་དཔང་རྟགས་སྔ་ཤོས་ཤིག་ཀྱང་རེད།

1576120072314094.jpg

བྲག་དཀར་བྲག་བྲག་ཞུན་ཕུག

མ་མགལ་དེ་ནི་དགེ་ལུགས་པའི་དགེ་འདུན་པ་ཞིག་གིས་ལོ40ཡི་གོང་མཚོ་བོད་ས་མཐོའི་རྒྱ་མཚོའི་ངོས་ལས་མཐོ་ཚད་དབྱིན་ཁྲེ་10,000ཡན་གྱི་བྲག་དཀར་བྲག་ཁུང་ནས་ཤེས་རྟོགས་བྱུང་བ་ཞིག་རེད། ཡར་སྔོན་ལ་རྙེད་དཀའ་བའི་གནའ་རབས་ཀྱི་མིའི་རིགས་ཏན་ཉི་སོ་ཝ་མིའི་རྗེས་ཤུལ་དང་ཀེང་རུས་ཐར་ཐོར་འགའ་མ་གཏོགས་རྙེད་མེད་པ་དང་། ཀེང་རུས་དེ་དག་ཀྱང་ཞི་པོ་ལི་ཡའི་ལྷོ་རྒྱུད་ཀྱི་བྲག་ཕུག་ཅིག་གི་ནང་དུ་རྙེད་པ་རེད། བྲག་ཕུག་དེའི་ས་བབ་མཐོ་ཚད་ལ་དབྱིན་ཁྲེ་2300ལས་མེད་པ་དང་། ཁ་སི་ཐེ་བྲག་དཀར་བྲག་ཕུག་གི་ནུབ་བྱང་རྒྱུད་དུ་གནས། བྲག་ཕུག་དེ་གཉིས་ཀྱི་བར་ཐག་ལ་དབྱིན་ལེ་1750ཙམ་ཡོད།

གནའ་བོའི་DNAཚད་མཐོའི་དབྱེ་འབྱེད་བྱེད་པའི་གནས་ཚུལ་འོག ཞིབ་འཇུག་ཚོགས་པས་གནའ་བོའི་སྤྲི་དཀར་རྫས་དབྱེ་ཞིབ་བྱེད་ཐབས་སྤྱད་དེ། ཆ་རྡུལ་རིག་པའི་ཆ་འཕྲིན་བརྒྱུད་ནས་གནའ་བོའི་འགྱུར་རྡོ་ལ་བརྡར་ཤ་བཅད་པ་རེད། སྤྲི་དཀར་རྫས་ཁྲོད་ཀྱི་ཨན་སྐྱུར་རིམ་སྟར་ལ་དངོས་པོའི་རིམ་འགྱུར་གྱི་ཆ་འཕྲིན་འགའ་འདུས་ཡོད། རྒྱུད་འཛིན་ཆ་འཕྲིན་དེ་རིགསDNAཡི་ཆ་འཕྲིན་དང་བསྡུར་ན་ཧ་ཅང་ཆུང་མོད། འོན་ཀྱང་བསང་ཆུའི་མིའི་འགྱུར་རྡོའི་ཁྲོད་ཏན་ཉི་སུའོ་ཝ་མིར་དམིགས་བསལ་དུ་ཡོད་པའི་སྤྲི་དཀར་རྫས་རྙེད་པ་དང་། ལན་ཀྲོའུ་སློབ་ཆེན་གནའ་རྫས་རྟོག་ཞིབ་རིག་པའི་དགེ་རྒན་ཆེན་མོ་ཀྲང་ཏུང་ཅུས་ཀྱིས་མ་མགལ་རུས་པ་དེའི་ཐོག་ནས་ཏན་ཉི་སུའོ་ཝ་མིའི་ས་ཁམས་ཁྱབ་ཁོངས་དེ་ང་ཚོས་སྔོན་ཆད་ཤེས་རྟོགས་བྱུང་བའི་ཁྱབ་ཁོངས་ལས་ཧ་ཅང་རྒྱ་ཆེ་བ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་ཀྱང་དེ་བས་མཐོ་ཞེས་བཤད།

1576120072131097.jpg

ཏན་ཉི་སུའོ་ཝ་མིའི་མ་མགལ་རུས་པའི་འགྱུར་རྡོ། ཀྲང་ཏུང་ཅུས་པི།

སྔ་དུས་ཞིབ་འཇུག་འབྲས་བུ་ལྟར་ན། ཏན་ཉི་སུའོ་ཝ་མིའི་རྒྱུད་འཛིན་དངོས་པོར་གློ་བུར་དུ་འགྱུར་ལྡོག་དང་ཐོལ་འགྱུར་བྱུང་བ་དེ་མཚོ་བོད་ས་མཐོའི་ས་བབ་མཐོ་བ་དང་དབྱང་རླུང་ཉུང་བའི་ཁོར་ཡུག་ཁྲོད་ཉར་ཚགས་ཐུབ་རྒྱུར་ཕན་པ་ཡོད་པ་རེད། དེ་རིང་གི་བོད་མིའི་གཞི་རྒྱུའི་ཁྲོད་དུའང་དེ་དང་འདྲ་བའི་ཐོལ་འགྱུར་ཡོད་པ་དེའི་ཐོག་ནས་ཏན་ཉི་སུའོ་ཝ་མིས་ས་མཐོ་དབྱང་ཉུང་ཁོར་ཡུག་གི་རྒྱུད་རྒྱུ(EPAS1)དེ་བོད་རིགས་དང་ཤར་པ་རིགས་ལ་བརྒྱུད་ཡོད་པ་ར་སྤྲོད་ཐུབ་པར་འདོད།

1576120072381830.jpg

རྩ་གསུམ་དཔེ་དབྱིབས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།