འབྲུག་ཆུ་རྫོང་གིས“གསར་བརྗེ་ཆེན་པོ་གསུམ”ལ་ཤུགས་བསྣན་ཏེ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་ལྷོ་བོད་རིགས་རང་སྐྱོང་་ཁུལ་འབྲུག་ཆུ་རྫོང་གིས་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་དང་དབུལ་ཐར་མཁྲེགས་གཏོར། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་སྒྲིག་བཅོས། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཅས་ཟུང་འབྲེལ་དམ་ཟབ་བྱས་པས། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ཡོད་པ་དང་། མི་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད་ལ། མང་ཚོགས་ཀྱི་ཁོར་ཡུག་དང་བདེ་ཐང་གི་འདུ་ཤེས་ཡོངས་ཁྱབ་ངང་མཐོ་རུ་ཕྱིན་ཡོད།

“གསང་སྤྱོད་གསར་བརྗེ”ལ་ཤུགས་བསྣན་ཏེ་ཞིང་སྡེའི་གསང་སྤྱོད་ཀྱི་ཆ་རྐྱེན་ཇེ་ལེགས་སུ་བཏང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“སྤྱོད་ཁང་གསར་བརྗེའི”སྐོར་གྱི་གལ་ཆེའི་མཛུབ་སྟོན་དགོངས་དོན་དོན་འཁྱོལ་ནན་མོ་བྱས་པ་དང་། དྲིལ་བསྒྲགས་བྱེད་ཤུགས་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ནས་ཞིང་སྡེའི“སྤྱོད་ཁང་གསར་བརྗེ”དང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བའི་སྤྱོད་ཁང་སྒྱུར་བཀོད་ལས་གྲྭ་གཉིས་སྦྲེལ་མཐུད་བྱས་ཤིང་། ཞིང་སྡེའི་སྤྱོད་ཁང་སྒྱུར་བཀོད་འཆར་གཞིའི་མཛུབ་ཁྲིད་ལག་དེབ་གཞིར་བཟུང་ནས“སྒྱུར་བཅོས་བདུན”གྱི་མ་དངུལ་སྒོར་ཁྲི4432.5དོན་འཁྱོལ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཁྱིམ་ཚང་གི་གསང་སྤྱོད་ཁང2205དང་། སྤྱི་བའི་གསང་སྤྱོད་ཁང34འཛུགས་སྐྲུན་བྱས།

“གད་སྙིགས་གསར་བརྗེ”ལ་ཤུགས་བསྣན་ཏེ་ཞིང་སྡེའི་ཁོར་ཡུག་སྔར་བས་མཛེས་སྡུག་ལྡན་པར་བྱས། ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཆེད་དོན་སྒྲིག་བཅོས་ཀྱི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་སྒྲིག་བཅོས་བྱ་བའི་འགན་འཁྲི་རྩད་གཅོད་བྱ་ཐབས་སོགས་ཀྱི་ལམ་ལུགས་གཏན་འབེབས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་སྒྲིག་བཅོས་ལ་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱས། སྲིད་འཛིན་སྡེ་བའི་གད་སྙིགས་གཙང་སེལ་གྲོན་དངུལ་ལོ་རེར་སྒོར་ཁྲི3.5བར་མཐོ་རུ་བཏང་། གྲོང་གསེབ་ཀྱི་འཕྲོད་བསྟེན་གཙང་སྦྲ་བ་མི1129དང་། གྲོང་གསེབ་ཀྱི་གཞུང་ལམ་གཙང་སྦྲ་བ་མི281གིས་དུས་དང་རྣམ་པ་ཀུན་ཏུ་གཙང་སྦྲ་བྱེད་བཞིན་ཡོད། ཁྱོན་མ་དངུལ་སྒོར་ཁྲི4905.95བཏང་བའི་གྲོབ་གསེབ་ཀྱི་འཚོ་བའི་གད་སྙིགས་སྦས་སའི་འཛུགས་སྐྲུན་ལས་གཞིའི་ལས་འགོ་འཛུགས་རྩིས་ཡོད་ལ། གད་སྙིགས་གཙང་སེལ་བྱེད་པའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་། 

“རྣམ་པའི་གསར་བརྗེ”ལ་ཤུགས་བསྣན་ཏེ་ཞིང་སྡེའི་རྣམ་པ་སྔར་བས་ཇེ་ལེགས་སུ་བཏང་བ། ཞིང་སྡེའི་རྣམ་པ་ཇེ་ལེགས་སུ་གཏོང་རྒྱུ་དེ་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་དང་མཉམ་དུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ནས་གྲོང་གསེབ་ཀྱི་རྣམ་པ་ཁྱོན་ཡོངས་ནས་ཇེ་ལེགས་སུ་བཏང་།  སྡེ་བའི་སྲང་ལམ་གྱི་གཡས་གཡོན་དང་། མི་མང་འདུ་འཛོམས་བྱེད་ས། ཆུ་རྐའི་འགྲམ་ངོགས། ཁང་བའི་མཐའ་འཁོར་བཅས་སུ་སྨི་གྲུ་བཞི་མ་ཁྲི26ལྷག་ལྗང་བསྒྱུར་བྱས་པ་དང་། རི་ལྡེབས་སྲུང་སྐྱོང་གྱང་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི18ལྷག་བསྐྲུན་པ། ཉི་ནུས་ལམ་སྒྲོན5777བཙུགས་པ། བེད་མེད་ཁང་རྙིང1458བཤིག་པ། “གཙང་བོ་གཅིག་དང་ཆུ་བོ་གཉིས”ཀྱི་འགྲམ་རྒྱུད་དུ་དགུན་འདེབས་པད་ཁ་མུའུ་ཁྲི2འདེབས་འཛུགས་བྱས་ཤིང་། གཞུང་ལམ་གྱི་གཡས་གཡོན་དང་། རི་རྒོད་དང་ས་རྒོད་སོགས་སུ་སྡོང་བོ་རྐང་ཁྲི193.13བཙུགས་པ། ཆ་རྐྱེན་ཅུང་ལེགས་པའི་སྡེ་བ81གཙོ་གནད་དུ་བཟུང་ནས“གཙང་དག་གི་སྡེ་བ”འཛུགས་སྐྲུན་བྱས་ཏེ། རྫོང་ཡོངས་ཀྱི་སྡེ་བའི་རྣམ་པ་ཇེ་ལེགས་སུ་གཏོང་བར་སྣེ་ཁྲིད་ཀྱི་ནུས་པ་ཐོན་པར་བྱས།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།