ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་སྔོན་མ་གསུམ་གྱི་ནང་ཀན་ལྷོ་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀན་ལྷོ་བརྟག་དཔྱད་རུ་ཁག་གི་བརྟག་དཔྱད་གཞི་གྲངས་ལས་མངོན་པར། 2019ལོའི་དུས་ཚིགས་སྔོན་མ་གསུམ་གྱི་ནང་དུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྟན་པོའི་ངང་འཕར་བ་རྒྱུན་འཁྱོངས་ཐུབ་ཡོད།

དང་བོ། གྲོང་རྡལ་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་སྒོ་སྒོར20128.9ཟིན་པ།

ཁུལ་ཡོངས་ཀྱི་གྲོང་རྡལ་གྱི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་སྒོ་སྒོར20128.9ཟིན་པ་དེ་ལོ་སྔོན་མའི་དུས་མཚུངས་ལས་སྒོར1351.9མང་དུ་ཕྱིན་ནས72%འཕར། ཡོང་སྒོའི་གྲུབ་ཆར་བལྟས་ན། ཡོང་སྒོ་ཆེ་ཁག་བཞི་ཕྱོགས་ཡོངས་ནས་འཕར་ཡོད། དེའི་ནང་ཟླ་ཕོགས་རང་བཞིན་གྱི་ཡོང་སྒོ་སྒོར153342ཟིན་པ་དེ་དུས་མཚུངས་ལས་སྒོར1111.5ཇེ་མང་དུ་སོང་་ནས7.8%འཕར་བ་དང་། ཚོང་གཉེར་གྱི་ཁེ་གཙང་ཡོང་སྒོ་སྒོར3333.9བྱུང་ཞིང་། ལོ་སྔོན་མའི་དུས་མཚུངས་ལས་སྒོར196.3ཇེ་མང་དུ་སོང་བ་དང་། 6.3%འཕར། རྒྱུ་ནོར་ཁེ་གཙང་ཡོང་སྒོ་སྒོར560.9ཟིན་པ་དེ་དུས་མཚུངས་ལས་སྒོར16.8ཇེ་མང་དུ་སོང་ནས3.1%འཕར་བ། སྤོ་སྒྱུར་ཡོང་འབབ་ཁེ་གཙང་སྒོར900.0ཟིན་པ་དེ་དུས་མཚུངས་ལས་སྒོར27.4ཇེ་མང་དུ་སོང་ནས་འཕར་ཚད3.1%ཟིན་པ།

གཉིས། ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར5276.6ཟིན།

ཁུལ་ཡོངས་ཀྱི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་སྒོ་སྒོར5276.6ཟིན་པ་དེ་ལོ་སྔོན་མའི་དུས་མཚུངས་ལས་སྒོར466.6ཇེ་མང་དུ་སོང་ནས97%འཕར། གྲུབ་ཚུལ་ཐད་ནས་བལྟས་ན། ཟླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར2372.8ཟིན་པ་དེ་དུས་མཚུངས་ལས་སྒོར218.2ཇེ་མང་དུ་སོང་ནས10.0%འཕར་བ་དང་། ཚོང་གཉེར་ཡོང་སྒོ་ཁེ་གཙང་སྒོར20434ཟིན་པ་དེ་དུས་མཚུངས་ལས་སྒོར210.4ཇེ་མང་དུ་སོང་ནས1.5%འཕར། སྤོ་སྒྱུར་ཡོང་སྒོ་ཁེ་གཙང་སྒོར836.0འཕར་བ་དེ་དུས་མཚུངས་ལས་སྒོར36.1ཇེ་མང་དུ་སོང་བ་དང4.5%འཕར། རྒྱུ་ནོར་གྱི་ཡོང་སྒོ་ཁེ་གཙང་སྒོར24.1ཟིན་པ་དེ་དུས་མཚུངས་ལས་སྒོར2.0ཇེ་མང་དུ་སོང་བ་དང8.8%ཟིན།

ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བཅུ་བཞི་ནང་དུ་དུས་ཚིགས་དང་བོ་ནས་གསུམ་པའི་བར་རང་ཁུལ་གྱི་གྲོང་རྡལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་སྒོའི་ལྟོས་མེད་གྲངས་དེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བཅུ་བཞི་ཡི་ཁྲོད་ཨང་བཅུ་བར་བསླེབས་པ་དང་། འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བཅུ་བཞི་ཡི་མཇུག་ཏུ་གནས། རང་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་སྒོ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྒོར11810.1གིས་དམའ་བ་དང་། ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྒོར3916.1གིས་དམའ་བ་དང་ཡོང་སྒོ་འཕར་ཚད་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཆུ་ཚད་ལས་བརྒྱ་ཆའི་གྲངས་གནས0.7གྱིས་དམའ་བ་རེད། ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་སྒོའི་བལྟོས་མེད་གྲངས་དང་འཕར་ཚད་སོ་སོ་ཨང14པ་དང་ཨང5 ཟིན།

གསུམ། གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་འགྲོ་སྒོ་བརྟན་པོའི་ངང་འཕར་བ།

སྔོན་མའི་དུས་ཚིགས་གསུམ་གྱི་ནང་དུ་རང་ཁུལ་གྱི་གྲོང་རྡལ་སྡོད་དམངས་ཀྱི་ཆ་སྙོམས་དངུལ་རྐྱང་འགྲོ་སྒོ་སྒོར11937.3ཟིན་པ་དེ་དུས་མཚུངས་ལས་སྒོར995.0མང་དུ་ཕྱིན་ནས9.1%འཕར། ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་འཛད་སྤྱོད་འགྲོ་སྒོ་སྒོར3701.4ཟིན་པ་དེ་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་སྒོར361.2ཇེ་མང་དུ་སོང་ཡོད། དེ་ལོ་གོང་མའི་དུས་མཚུངས་དང་བསྡུར་ན10.8%འཕར།

ཟས་རིགས་དང་དུ་ཆང་འཛད་སྤྱོད་ནི་སྔར་བཞིན་གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་འགྲོ་སྒོར་རྣམ་གྲངས་གཙོ་ཆེ་ཤོས་ཡིན། གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཟས་རིགས་དང་། གྲོང་རྡལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཟས་རིགས་དང་། དུ་ཆང་བཅས་ཀྱི་འཛད་སྤྱོད་ཐད་ཀྱི་འགྲོ་སྒོ་སྒོར1847.2ཟིན་པ་དེ་དུས་མཚུངས་ལས10.1%འཕར་བ་དང་སྤྱིའི་འགྲོ་སྒོའི49.9%ཟིན་ཡོད།།   

རྩོམ་སྒྲིག་པ། : ཀླུ་མོ་མཚོ།