ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུ་རྫོང་གིས་སློབ་བཞིའི་བྱེད་ཐབས་གཏིང་ཟབ་ཏུ་བཏང་ནས་འབྲོག་སྡེའི་ཏང་ཡོན་གྱི་སློབ་སྦྱོང་སློབ་གསོར་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས“ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་གྱིས“སློབ་བཞིའི”བྱེད་ཐབས་གཏིང་ཟབ་ཏུ་བཏང་ནས། འབྲོག་སྡེའི་ཏང་ཡོན་གྱི་སློབ་སྦྱོང་སློབ་གསོར་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་།

སློབ་ཁྲིད་སྒོ་རྩར་བསྐྱལ་ནས“སློབ་སྟོན”བྱས་པ། འབྲོག་སྡེའི་ཏང་ཡོན་གྱི་བསམ་བློ་དང་འཚོ་བའི་དོན་དངོས་ལ་དམ་པོར་དམིགས་ཏེ་སྒྲུབ་བཞིན་པའི་བྱ་བ་དང་ཟུང་འབྲེལ་གྱིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ངོས་འཛིན་དང་མྱོང་ཚོར། འགྱུར་ལྡོག་བཅས་གླེང་ཞིང་། སློབ་ཁྲིད་སྒོ་རྩར་བསྐྱལ་ནས“སློབ་སྦྱོང་ཁྲིད་སྟོན”བྱས་པ་དེས་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་དམིགས་ས་མི་ནོར་བ་དང་། གཙོ་གནད་མི་ལྷོད་པ། ཚད་གཞི་མི་འགྱུར་བ་བཅས་འགན་ལེན་བྱས་ཡོད་ལ་བསམ་བློའི་ངོས་ཟིན་ཡང་ཇེ་ཟབ་ཏུ་ཕྱིན་ཞིང་། སློབ་སྦྱོང་དང་སློབ་གསོའི་ཕན་འབྲས་ཀྱང་འགན་ལེན་ཐོབ།

རྐང་འཛིན་པའི་ནུས་པ་འདོན་སྤེལ་བྱས་ཏེ“སློབ་ཁྲིད”བྱས་པ། བྱེ་བཅོས་ཀྱི“འོས་འགན་དམག་མི”སྒྲོལ་མ་སྐྱབས་དང་རྩྭ་ཐང་གི“མྱི་བཟང”ཐུབ་ཁོ་སོགས་སྔོན་ཐོན་དཔེ་མཚོན་ཅན་གྱི་ཞིང་ཆེན་དང་ཁུལ་གྱི་ངལ་རྩོལ་དཔེ་ལེགས་ཁག་ཅིག་དང་། སྣེ་ཁྲིད་ནུས་པ་ཆེ་བའི་འབྲོག་སྡེའི་ཏང་ཡོན་དང་ལས་བྱེད་པ་རྒན་པ། རྫོང་རིམ་པའི“འཐུས་མི་གཉིས་དང་ཨུ་ཡོན་གཅིག”བཅས་དང་ཕྱུག་འགྱུར་སྣེ་ཁྲིད་པས་འཆད་ཁྲིད་བྱས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོ་དྲིལ་བསྒྲགས་བྱས་པས་ཏང་གི་རྗེས་སུ་འབྲངས་པའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་།

རྟ་ཐོག་སྒྲོག་འགྲེལ་གྱིས“སློབ་སྐྱེལ”བྱས་པ། “ཐོན་སྐྱེད་སྟབས་བདེ་དང་འཚོ་བར་སྟབས་བདེ། སློབ་སྦྱོང་སྟབས་བདེའི”རྩ་དོན་གཞིར་བཟུང་སྟེ། ཏང་གཤིས་ཀྱི་འདུ་ཤེས་ཆེ་ཞིང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་བ། མང་ཚོགས་ཀྱིས་བསྔགས་བརྗོད་ཐོབ་པའི་ཞིང་སྡེའི་ལས་བྱེད་པ་རྩ་འཛུགས་བྱས་ནས། རྟ་ཐོག་སྒྲོག་འགྲེལ་རུ་ཁག་དང་འཕྲུལ་རྟའི་སྒྲོག་འགྲེལ་རུ་ཁག་བཙུགས་ཏེ་འབྲོག་པ་མང་ཚོགས་ལ“སློབ་སྐྱེལ”བྱ་འགུལ་སྤེལ་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བསམ་བློ་གསར་བ་རྩྭ་ཐང་གི་སྦྲ་གུར་དང་འབྲོག་པ་མང་ཚོགས་ཀྱི་སེམས་ལ་ཟུག་ཏུ་བཅུག

དྲ་རྒྱའི་སྟེགས་བུས“སློབ་སྐུལ”བྱས་པ། དྲ་ཐོག་དང་དྲ་ཕྱིའི་སློབ་སྦྱོང་ཟུང་འབྲེལ་གྱིས“ཀན་སུའུ་ཏང་འཛུགས་སྐྱོང”གི APPསྟེགས་བུའི་འཁོར་སྐྱོད་ལ་ཤུགས་སྣོན་དང་། སློབ་སྦྱོང་གི་སྒྲ་ཟློས་དཔྱད་ཡིག་དང་རྩྭ་ཐང་སྐོར་སྐྱོད་ཏང་གི་སློབ་གྲྭའི་གཅིག་སྡུད་སྒྲོག་འགྲེལ་བརྙན་ལམ་དཔྱད་ཡིག་ཡིག་སྒྱུར་བྱས་ཤིང་། “ཡིད་དབང་འཕྲོག་པའི་རྨ་ཆུའི”སྤྱི་སྟེགས་སུ་རྨ་ཆུ་རྫོང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་བོད་སྐད་སློབ་སྦྱོང་རླུང་འཕྲིན་ལས་ཁུངས་བཙུགས་ཏེ། དུས་ལྟར་འབྲོག་སྡེའི་ཏང་ཡོན་ལ་བརྒྱུད་སྐུར་བྱས་ནས་སློབ་སྦྱོང་བྱེད་པར་དྲན་སྐུལ་དང་། སློབ་སྦྱོང་དང་ཐོན་སྐྱེད་གཉིས་ཀ་མི་འཛོལ་བ་དང་གཉིས་ཀར་སྐུལ་འདེད་བཏང་།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།