ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ནག་སེལ་གཤེད་བཅོམ་གྱི་ལྟ་སྐུལ་སློབ་སྟོན་ཚན་ཆུང19བས་ཀན་སུའུ་ཡི་གནས་ཚུལ་ལ་ཕྱིར་མིག་ལྟ་བའི་ཕྱིར་ལྡོག་ཚོགས་འདུ་ལན་ཀྲོའུ་རུ་བསྡུས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་གཅིག་གྱུར་བཀོད་སྒྲིག་དང་རྒྱལ་ཡོངས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་སྐུལ་འདེད་གྲོས་ཚོགས་ཐེངས་གཉིས་པའི་བླང་བྱ་ལྟར། ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་སློབ་སྟོན་ཚན་ཆུང19བས་ཟླ10ཚེས30ཉིན་ནས་ཟླ11ཚེས8ཉིན་བར་ཀན་སུའུ་ཞིང་ཆེན་ལ་དུས་ཡུན་ཉིན10ཡི“ཕྱིར་མིག་ལྟ་བའི”ལྟ་སྐུལ་སློབ་སྟོན་སྤེལ། ཚེས8ཉིན་གྱི་སྔ་དྲོར་ལྟ་སྐུལ་སློབ་སྟོན་ཚན་ཆུང་གིས་ལན་ཀྲོའུ་རུ“ཕྱིར་མིག་ལྟ་བའི”གནས་ཚུལ་ཕྱིར་ལྡོག་ཚོགས་འདུ་བསྡུས་ཤིང་། ཚན་གཙོ་གཞོན་པ་ཁྲིན་ཀྲི་རྨིན་གྱིས་ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་སློབ་སྟོན་ཚན་ཆུང19བའི་ཚབ་བྱས་ནས་ཐེངས་འདིའི་ལྟ་སྐུལ་སློབ་སྟོན་གྱི“ཕྱིར་མིག་ལྟ་བའི”འབྲེལ་ཡོད་གནས་ཚུལ་ཀན་སུའུ་ཞིང་ཆེན་ལ་ཕྱིར་ལྡོག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལིན་ཏུའོ་ཡིས་གཏམ་བཤད།

ཁྲིན་ཀྲི་རྨིན་གྱིས་ཀན་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར་ཏན་ཏིག་ནུས་ལྡན་གྱིས་དག་ཐེར་བྱ་བ་སྤེལ་བ་བརྒྱུད། ཆབ་སྲིད་ཀྱི་སྐྱེ་ཁམས་དང་སྤྱི་ཚོགས་བདེ་འཇགས་ཀྱི་དུས་བབ་སྔར་བས་ཇེ་ལེགས་སུ་ཕྱིན་པ་དང་། ནག་སེལ་གཤེད་བཅོམ་གྱི་རྣམ་པ་སྔར་བས་ཇེ་ཟབ་ཏུ་ཕྱིན་པ། སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་ནན་མོ་བཅད་པའི་ཕན་འབྲས་སྔར་བས་ཆེ་རུ་ཕྱིན་པ། ལས་རིགས་ཁྱབ་ཁོངས་ཀྱི་ཟང་ཟིང་གི་སྣང་ཚུལ་ལ་སྔར་བས་སྒྲིག་བཅོས་ཐོབ་པ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་སྔར་བས་ཇེ་བརྟན་དུ་ཕྱིན་པ་དང་། མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་སྣང་སྔར་བས་ཇེ་དྲག་ཏུ་སོང་བ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བཅས་མངོན་ཡོད། ཆབ་སྲིད་ཀྱི་ལངས་གནས་ལ་མཐོ་ཚད་གསར་བ་ཡོད་པ་དང་། ཕྱིར་ལྡོག་བྱས་པའི་གནད་དོན་ལྟ་སྐུལ་སློབ་སྟོན་དང་དག་ཐེར་བྱས་པར་ཚད་བརྒལ་གསར་བ་བྱུང་ཞིང་། བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ནས་བྱས་རྗེས་གསར་བ་བཞག་ཡོད་ལ། གྱོད་གཞི་ཆེ་གྲས་དང་གནད་ཆེའི་གྱོད་གཞི་མཁྲེགས་གཏོར་བྱས་པར་གྲུབ་འབྲས་གསར་བ་ཐོབ་པ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ཐད་གྲུབ་འབྲས་གསར་བ་ཐོབ་ཡོད་ཅེས་བཤད་པ་མ་ཟད། མིག་སྔར་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་སྤུས་ཚད་དང་ཕན་འབྲས་དེ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་འཛུགས་སྐྲུན་དང་ཐད་ཀར་འབྲེལ་བ་ཡོད་པས། དུས་རིམ་རང་བཞིན་གྱི་ཁྱད་ཆོས་སྔར་བས་གསལ་རྟོགས་བྱས་ཏེ་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་མི་མཐུད་དུ་ཇེ་ཆེར་གཏོང་བ་དང་། ཁུངས་སྣེ་ཞིབ་དཔྱད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཁུངས་སྣེ་ཞིབ་བསྡུར་གྱི“ཕྱིར་མིག་ལྟ་བའི”བྱ་བ་ལེགས་པར་སྤེལ་དགོས་ལ། ཉེན་ཟོན་སློབ་གསོར་སྔར་བས་ཤུགས་བསྣན་ཏེ་མང་ཚོགས་ཀྱི་དབྱེ་འབྱེད་དོགས་ཟོན་གྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས་ཞེས་ནན་གྱིས་བསྟན།

ལིན་ཏུའོ་ཡིས“རིམ་པ་ལྔའི་ཧྲུའུ་ཅིས་མཉམ་དུ་དམ་འཛིན་བྱེད་པའི”འགན་འཁྲིའི་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། བྱ་བའི་བྱ་ཐབས་ཞིབ་ཚགས་སུ་གཏོང་བ། མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་མཉམ་ཤུགས་ཤིག་ཆགས་པ་དང་། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་སུའུ་གསར་བ་མགྱོགས་པོར་བསྐྲུན་པ། དམངས་ཕྱུག་ཀན་སུའུ་དར་བའི་རྣམ་པ་གསར་བ་གཏོད་པར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཞེས་བསྟན།

ཀན་སུའུ་ཞིང་ཆེན་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་པ་དང་ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་སློབ་སྟོན་ཚན་ཆུང19བའི་ཁོངས་མི་ཡོངས་ཚོགས་འདུར་ཞུགས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།