ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུ་རྫོང་གིས་ཤང་སྡེའི་ལས་བྱེད་པའི་བྱང་ཚད་དང་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས་དུས་ཡུན་ཉིན་གསུམ་གྱི་རིང་ལ་ཤང་སྡེའི་ལས་བྱེད་པའི་བྱང་ཚད་དང་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ཏེ། ཤང་གྲོང་སོ་སོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་མི་སྣ། དགོན་པའི་དོ་དམ་ཁང་གི་ཀྲུའུ་རེན། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་གི་ཁོངས་མི་སོགས་བསྡོམས་པས་མི 104གསོ་སྦྱོང་ལ་ཞུགས།

གསོ་སྦྱོང་འཛིན་གྲྭའི་སྟེང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀན་སུའུ་རུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་དང་བསམ་བློའི་མཛུབ་སྟོན་ལ་སློབ་སྦྱོང་བྱས་ཤིང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་ནག་སེལ་ཤེད་བཅོམ། སྐྱེ་ཁམས་ཁོར་ཡུག  ཀན་ལྷོའི་དམངས་སྲོལ་རིག་གནས་སོགས་ལ་འགྲེལ་བཤད་བརྒྱབ། གསོ་སྦྱོང་ལ་ཞུགས་མཁན་རྣམས་ད་དུང་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་སོང་ནས། ཏང་ཞུགས་དམ་བཅའ་ཕྱིན་དྲན་བྱེད་པའི་བྱེད་སྒོ་སྤེལ་བ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོར་ལྟ་སྐོར་བྱས།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ཚོགས་རྗེས། ཤང་སྡེའི་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀན་སུའུ་རུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་དང་བསམ་བློའི་མཛུབ་སྟོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལོན་ཞིང་། ཏང་གི་སྲིད་ཇུས་ཀྱི་གཏན་འབེབས་དང་གཞུང་ལུགས་ཀྱི་གྲུབ་འབྲས། མི་རིགས་ཆོས་ལུགས་སྲིད་ཇུས་ལ་ངོས་འཛིན་ཟབ་མོ་ཐོབ་པས། ཕུགས་འདུན་དང་ཏང་གཤིས་བློ་སྦྱོང་ཇེ་བརྟན་དུ་བཏང་བ་དང་། ཕྱོགས་བསྡུས་བྱང་ཚད་དང་ནུས་པ་མཐོར་འདེགས་སུ་བཏང་།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།