ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་བསང་ཆུ་རྫོང་དུ་ས་ཡོམ་རིམ་པ5.7བྱུང་ནས་མི21ལ་རྨས་སྐྱོན་ཕོག་པ་དང་མང་ཚོགས་234ལ་གནོད་འཚེ་ཕོག་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་10བའི་ཚེས་28ཉིན་གསར་འགོད་པ་ས་ཡོམ་ལྟེ་ཁུལ་དུ་གནས་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཙཱ་ཡུས་ཤང་ལྷ་སྡེ་གྲོང་ཚོར་ཕྱིན་པ་དང་། དེར་ཁྱོན་དུད་ཚང14དང་མི57ཡོད་པ་དང་། ཐེངས་འདིའི་ས་འགུལ་ལས་གྲོང་ཚོའི་ཁང་པ་ཁག་གཅིག་ལ་གས་སྲུབ་ཐོན་ཡོད་ལ་མི་སྣ་ཤི་རྨས་བྱུང་མེད།

ཚེས་28ཉིན་གྱི་ཐོ་རེངས་སུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་ས་ཡོམ་རིམ་པ5.7བྱུང་བ་རེད། གཞུང་ཕྱོགས་ཀྱི་གྲལ་བཤེར་བསྡོམས་རྩིས་བྱས་པ་བརྒྱུད་མིག་སྔར་ས་ཡོམ་ནང་མི21ལ་རྨས་སྐྱོན་ཕོག་པ་དང་མང་ཚོགས234ལ་གནོད་འཚེ་ཕོག་ཡོད་པ་རེད།

1572311353236713.jpg

འདི་ནི་གྲོང་ཚོའི་ཁང་པ་ཁག་གཅིག་ལ་གས་སྲུབ་བྱུང་བའི་ཚུལ་རེད།

ཀྲུང་གོའི་ས་ཡོམ་དྲ་བས་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ་10བའི་ཚེས་28ཉིན་གྱི་ཆུ་ཚོད1དང་སྐར་མ56ཐོག་ཀན་སུའུ་བསང་ཆུ་རྫོང(བྱང་འཕྲེད་ཏུའུ35.10དང་ཤར་གཞུང་ཏུའུ་102.69)ལ་ས་ཡོམ་རིམ་པ5.7བྱུང་བ་དང་ཡོམ་ཁུངས་གཏིང་ཚད་སྟོང་སྨི་10ཟིན་ཡོད།

1572311353873923.jpg

འདི་ནི་དྲག་ཆས་ཉེན་རྟོག་རོགས་སྐྱོབ་དཔུང་སྡེས་ཙཱ་ཡུས་ཤང་ལྷ་སྡེ་གྲོང་ཚོར་རོགས་སྐྱོབ་རས་གུར་ཕུབ་བཞིན་པ།

ཀན་སུའུ་གཞུང་ཕྱོགས་ཀྱིས་ཚེས་28ཉིན་གྱི་ཕྱི་དྲོར་བརྡ་ཁྱབ་སྤེལ་བ་ལྟར་ན། མིག་སྔར་ས་ཡོམ་ནང་མི21ལ་རྨས་སྐྱོན་ཕོག་པའི་ནང་གཙོད་གྲོང་ཁྱེར་གྱི་མི18ལ་ས་ཡོམ་རྒྱག་སྐབས་རྨས་སྐྱོན་ཕོག་པ(མི2ལ་རྨས་སྐྱོན་ཆེན་པོ་ཕོག་པ་དང་ཚེ་སྲོག་ལ་སྐྱོན་མེད) དང་། བསང་ཆུ་རྫོང་གི་མི་གསུམ་ཤེལ་སྒོས་རྨས་པ་དང་སྨན་བཅོས་བྱས་རྗེས་སྨན་ཁང་ལས་བུད་པ་རེད། གནོད་འཚེ་ལས་བསང་ཆུ་རྫོང་དང་གཙོད་གྲོང་ཁྱེར་གྱི་ཤང་གྲོང8ཀྱི་མང་ཚོགས234ལ་གནོད་འཚེ་ཕོག་པ་དང་། དུད་ཚང7གྱི་ཁང་པའི་གྱང་གས་ཤིང་། སྒོ་རའི་གྱང་རྡིབ་ཡོད་པ་རེད།

1572311353749369.jpg

འདི་ནི་དྲག་ཆས་ཉེན་རྟོག་རོགས་སྐྱོབ་དཔུང་སྡེས་ཙཱ་ཡུས་ཤང་ལྷ་སྡེ་གྲོང་ཚོར་རོགས་སྐྱོབ་རས་གུར་ཕུབ་བཞིན་པ།

1572311353272149.jpg

ཉིན་དེའི་ཕྱི་དྲོར་ཀྲུང་གོ་གསར་འགྱུར་དྲ་བའི་གསར་འགོད་པ་ས་ཡོམ་ལྟེ་ཁུལ་དུ་གནས་པའི་ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཙཱ་ཡུས་ཤང་ལྷ་སྡེ་གྲོང་ཚོར་འབྱོར། ཁྱོན་དུད་ཚང14དང་མི་57ཡོད་པ་དང་གྲོང་ཚོའི་ཁང་པ་ཁག་གཅིག་ལ་གས་སྲུབས་ཐོན་ནས་མི་སྣ་ཤི་རྨས་བྱུང་མེད། དྲག་ཆས་ཉེན་རྟོག་རོགས་སྐྱོབ་དཔུང་སྡེས་ཙཱ་ཡུས་ཤང་ལྷ་སྡེ་གྲོང་ཚོར་རོགས་སྐྱོབ་གུར་ཕུབ་པ་རེད།

ཀན་སུའུ་གཞུང་ཕྱོགས་ཀྱིས་ད་དུང་ས་ཡོམ་ཁུལ་གྱི་འཕྲིན་གཏོང་དྲ་རྒྱ་དང་། གློག་དྲ། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་མ་ལམ་བཅས་འཁོར་སྐྱོད་རྒྱུན་ལྡན་ཡིན་ཞེས་བསྒྲགས་ཡོད། སྤྱི་བདེ་ལས་ཁུངས་ཀྱིས་ས་ཡོམ་ཁུལ་གྱི་ཁྲོམ་གཞུང་སྐོར་གཡེང་ལ་ཤུགས་སྣོན་རྒྱག་པར་བཀོད་སྒྲིག་བྱས་པ་དང་ས་གནས་དེ་གའི་མང་ཚོགས་ཀྱི་བློ་ཁ་ལྷོད་ལ་བབས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ས་ཡོམ་ཁུལ་དུ་བསྡོམས་པས་རིམ་པ2.0ཡན་གྱི་ས་ཡོམ་ཐེངས4བྱུང་བ་དང་ཆེས་ཆེ་བའི་ས་ཡོམ་རིམ་པ3.0ལ་སླེབས་ཡོད། ས་ཡོམ་བརྟག་བཤེར་སྡེ་ཚན་གྱིས་ཞིབ་འཇུག་བརྡར་གཅོད་བྱས་པ་བརྒྱུད་ས་ཡོམ་ཁུལ་དུ་ཉིན་ཤས་རིང་ས་ཡོམ་རིམ་པ་དེ་བས་ཆེན་པོ་འབྱུང་བའི་ཉེན་ཁ་མེད་ཟེར། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།