ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཀའོ་ཐའེ་ཡི་ཁྲུང་ཝུན་ཐོག་ཁང་ཆེན་མོའི་མདུན་གྱི་སྟོན་ལྗོངས་མཛེས་ལ་སྐྱར་མོ་སྟོང་ཕྲག་འགའ་ཡིས་གཤོག་འགྱུར་ངོམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125140843_15717983180301n_副本.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས20ཉིན། ཀན་སུའུ་ཞིང་ཆེན་ཀྲང་དབྱི་གྲོང་ཁྱེར་ཀའོ་ཐའེ་རྫོང་ཆུ་ནག་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཏ་ཧུའུ་དབན་མཛེས་ལྗོངས་ཁུལ་གྱི་ཁྲུང་ཝུན་ཐོག་ཁང་ཆེན་མོའི་མདུན་དུ་སྐྱར་མོ་སྟོང་ཕྲག་འགའ་ཡིས་ཟས་འཚོལ་མཚམས་བཞག་ནས་ལྡེམ་མྱུར་གྱི་གཤོག་འགྱུར་ངོམ། མཆོད་རྟེན་དམར་པོ་དང་། སྔོ་ལྗང་གི་རྒྱ་ལྕང་། དྭངས་གཙང་གི་ཆུ་བོ། སྔོ་ཞིང་སངས་པའི་ནམ་མཁའ་བཅས་གཞི་གཅིག་ཏུ་འདྲེས་པས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྣོད་བཅུད་ཀྱི་རི་མོའི་སྣང་བརྙན་ཞིག་ངང་གིས་གྲུབ་ཡོད་པ་རེད། 

1125140843_15717983181881n_副本.jpg

    ཉེ་བའི་ལོ་ཤས་རིང་། ཀྲང་དབྱིའི་ཆུ་ནག་འདམ་ར་སྲུང་སྐྱོང་ཁུལ་གྱི་འདམ་ར་སླར་གསོ་དང་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན། ཀའོ་ཐའེ་ཡི་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ་དང་སྣོད་བཅུད་ཁོར་ཡུག་གི་མཛེས་སྡུག་གིས་རི་སྐྱེས་འདབ་ཆགས་མང་པོའི་ཡིད་དབང་བཀུག་ཏེ་དེ་གར་གནས་སྤོས་ནས་དགུན་བསྐྱལ་གྱིན་ཡོད། ཞིན་ཧྭ་གསར་འགྱུར་དྲ་བས་སྤེལ། ཀྲིན་ཡོའོ་ཏི་ཡིས་པར་བླངས།

1125140843_15717983183671n_副本.jpg

1125140843_15717983185191n_副本.jpg

1125140843_15717983187121n_副本.jpg

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།