ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱིས་ཐབས་མང་མཉམ་སྤྱོད་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱིས་དོན་དངོས་ལ་གཞིགས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་མཐའ་འཁྱོངས་བྱེད་པ་དེ་ཁྲིད་སྟོན་དུ་བཟུང་ནས་ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་ཁུལ་ལེགས་ཤོས། ཡུལ་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་སྤྱིའི་བླང་བྱར་བརྩི་སྲུང་བྱས་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། ཧུར་ཐག་སྒོས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་སྤྱི་ཁོག་ལག་བསྟར་བྱེད་པ། རོང་འབྲོག་སྡེའི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ནུས་ལྡན་སྒོས་ཞིང་ཕྱུགས་ལས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་ཆེར་བཏང་།

དེང་རབས་ཞིང་ཕྱུགས་ལས་གྲོང་གསེབ་ཀྱི་ཐོན་ལས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་ས་མཐོའི་ཞིང་ཕྱུགས་ལས་དཔེ་སྟོན་ཁུལ་དང་། སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ། སྐྱེ་ལྡན་ཐོན་ལས་ཁུལ་བཅས་བསྐྲུན་པ་དང་། ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་ཀྱི་ལྗང་མདོག་ཐོན་སྐྱེད་རྟེན་གཞི་དང་ཀྲུང་གོའི་འབྲི་གཡག་འོ་མའི་རྟེན་གཞི་གཏོད་པ། རྩྭ་གཟན་ཕྱུགས་ལས་དང་། ཤེས་ནུས་སྐྱེ་ཁམས་འབྲོག་ས། ཞིང་ཕྱུགས་ལས་བཅས་ཤུགས་ཆེན་སྒོས་འཕེལ་རྒྱས་བཏང་བ་དང་། འབྲི་གཡག་དང་ཐོན་ལས་འདེགས་སྐྱོར་བྱས་ཤིང་། ལས་གཞི་ལ་སྐུལ་འདེད་བཏང་བས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་ཕན་འབྲས་ཐོན།

སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་དང་ཐབས་ཆག་ཁུལ་སྒྱུར་བཀོད་བྱེད་པའི་བྱ་བ་ཟུང་འབྲེལ་བྱས་པ་དང་། འཚོ་བའི་བཙོག་ཆུ་གྲོང་ཁྱེར་གྱི་སྤྱི་སྦུག་དྲ་བར་སྦྲེལ་ནས་འཚོ་བའི་བཙོག་ཆུ་གཅིག་གྱུར་ཐག་གཅོད་ཐུབ་པ་དང་། བེད་མེད་དུ་བསྐྱུར་བའི་ཞིང་སྤྱོད་འགྱིག་ཤོག་ཚུར་བསྡུ་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ཀྱི་བེད་མེད་དངོས་རོ་ཐག་གཅོད་བྱེད་པ་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས་གསོ་ཚགས་ར་བའི་གཅིན་སྐྱག་དང་སྦགས་བཙོག་དངོས་པོ་ས་ཞིང་དུ་ཕྱིར་ལོག་བྱེད་ཚད90%ཡན་ཟིན་པ་དང་། སྲིད་འཛིན་སྡེ་བ16ལ“དྭངས་གཙང་སྡེ་བ”གཏོད་པའི་བྱ་བ་བསྒྲུབས་ནས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་སྔར་བས་ཇེ་ལེགས་སུ་བཏང་ཞིང་། ཤང་དང་སྡེ་བའི་སྤྱི་ཕན་རང་བཞིན་གྱི་སྒྲིག་བཀོད་སྲུང་སྐྱོང་གི་སྤྱི་ཕན་རང་བཞིན་གྱི་ལས་གནས202གསར་སྤེལ་བྱས་པ་དང་། སྲིད་འཛིན་སྡེ་བ་རེར་བདག་སྐྱོང་ཐེབས་རྩ་སྒོར་ཁྲི 3དོན་འཁྱོལ་བྱས་ནས་མཉམ་སྤྱོད་བྱ་བ་དེ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།