ཀླུ་ཆུ་རྫོང་གིས་བྱ་ཐབས་སྣ་མང་སྤྱད་དེ་མང་ཚོགས་དབུལ་ཐར་ཕྱུག་འགྱུར་གྱི་ནང་གནས་སྒུལ་ཤུགས་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀླུ་ཆུ་རྫོང་གིས་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་ལ་སྐུལ་འདེད་གཏོང་བའི་ཐད་དབུལ་སྐྱོར་དང་། རིག་སྐྱོར། བློ་སྐྱོར་བཅས་ཀྱི་ཐད་ལ་ཤུགས་བསྣན་ནས་དྲིལ་བསྒྲགས་དང་སྐུལ་སློང་དང་། ཐོན་ལས་ཀྱི་རོགས་སྐྱོར་དང་སྣེ་ཁྲིད། སྔོན་ཐོན་དཔེ་མཚོན་གྱི་སྣེ་ཁྲིད་སོགས་ཀྱི་བྱ་ཐབས་སྤྱད་དེ་དབུལ་ཕོངས་མང་ཚོགས་ཀྱི་བརྩོན་སེམས་ལ་སྐུལ་སློང་བྱས་ནས།  ཁོང་ཚོའི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་།

ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་ཐར་གྱི་རྨང་གཞི་བརྟན་དུ་བཏང་བ། ཐོན་ལས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཁྱད་ལྡན་བབ་བཟང་ཐོན་ཁུངས་ལ་གཞི་ཚུགས་པ་དང་ཡུལ་བབ་དང་བསྟུན་པར་བྱས་ནས་བབ་བཟང་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་པ། འབྲི་གཡག་དང་། བོད་ལུག རྩྭ་ཕག་གསོ་སྤེལ། ཀྲུང་བོད་སྨན་རྫས་འདེབས་འཛུགས། རྩྭ་ཐང་གི་ཤ་མོང་རིགས་ལས་སྣོན་དང་བོད་ཁྱིམ་སྤྲོ་ར་གཉེར་བ་བཅས་བྱས་ནས་དབུལ་ཕོངས་མང་ཚོགས་དབུལ་ཐར་བྱེད་པར་སྣེ་ཁྲིད་བྱས། མིག་སྔར་རྫོང་ཡོངས་སུ་ཁྱིམ་ཚང་མགྲོན་ཁང་དང་འབྲོག་པའི་སྤྲོ་སྐྱིད་ཁང 880ལྷག་འཕེལ་རྒྱས་བཏང་བ་དང་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང 274ཡོད། ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་ཁྲི 1050བཀོད་སྒྲིག་བྱས་ནས་རྫོང་ཡོངས་ཀྱི་ཆེད་ལས་མཉམ་ལས་ཁང་དང་དབུལ་སྐྱོར་འཁོར་ཁང 46ལ་རོགས་སྐྱོར་བྱས་ནས་ཁྱིམ་ཚང་དབུལ་བོ 1388ལ་སྣེ་ཁྲིད་བྱས། 2019ལོའི་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་ཁྲོད་མ་དངུལ་སྒོར་ཁྲི 568.8བཏང་ནས་སྲད་དཀར་དང་། ཏང་ཀུན། ལི་གྲོ་སོགས་སྨན་རྩྭ་མུའུ་ཁྲི 1.14བཏབ་ནས་ཁྱིམ་ཚང་དབུལ་བོའི་ཐོན་ལས་གཉེར་སྐྱོང་ཡོང་སྒོ་མང་དུ་བཏང་།

སྔོན་ཐོན་དཔེ་མཚོན་གྱིས་ཕྱོགས་གཅིག་ལ་སྣེ་ཁྲིད་དང་སྐུལ་ཁྲིད་བྱས། དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་དཔེ་མཚོན་སྔོག་འདོན་གཏིང་ཟབ་བྱས་ནས་དབུལ་ཕོངས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་གྱི་ནང་གནས་སྒུལ་ཤུགས་འཕེལ་རྒྱས་བཏང་བ། ལོ 30རིང་ཉིན་གཅིག་ལྟར་ནད་པར་ལྟ་རྟོག་བྱེད་མཁན་ཨ་མ་སྒྲོལ་དཀར་དང་། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་བོད་ཁྱིམ་སྤྲོ་སྐྱིད་ཁང་འཕེལ་རྒྱས་གཏོང་བའི་བཀྲ་ཤིས། སྡེ་མི་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་མཁན་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ལྷ་མོ་ཚེ་རིང་དང་ལྷ་མོ་རྡོ་རྗེ་སོགས་མིག་དཔེ་ལྟ་ས་ཁག་ཅིག་གི་སྤྱོད་བཟང་བརྒྱུད་སྤེལ་བྱས། “འཆམ་མཐུན་ཤེས་དཔལ་ཁྱིམ་ཚང”དང་། “ཁྱིམ་ཚང་ཡག་ཤོས”“འཕྲོད་བསྟེན་ཤེས་དཔལ་ཁྱིམ་ཚང”“ཡ་རབས་ཚུལ་ལྡན་ཁྱིམ་ཚང”“ཨ་ནེ་བཟང་མོ། མནའ་མ་བཟང་མོ”སོགས་དཔེ་སྟོན་ཁྱིམ་ཚང་དཔྱད་འདེམས་དང་གཟེངས་བསྟོད་བྱས།         རིག་གནས་དམངས་ཕན་དང་ཤེས་དཔལ་གྱི་དར་སྲོལ་མཐོ་རུ་བཏང་བ། “བསམ་པའི་དབུལ་སྐྱོར”ལ་ཟུང་འབྲེལ་བྱས་ནས“རིག་གནས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མང་ཚོགས་དབུལ་ཐར་གྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་པའི”བརྗོད་དོན་གཙོ་བོའི་བྱ་འགུལ་སྤེལ་ནས་རོང་འབྲོག་མང་ཚོགས་ལ་བསམ་པའི་འཚོ་བཅུད་སྦྱིན་པ་དང་དབུལ་ཐར་གྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས། རིག་གནས་ཚན་རྩལ་གྱི“གཞི་རིམ་དུ་སྐྱོད་པ་བཞི”དང་། “བསམ་པའི་དབུལ་སྐྱོར། གྲོང་གསེབ་ཏུ་ཟློས་གར་སྐྱེལ་བ། ”“ངའི་ཀྲུང་གོའི་ཕུགས་འདུན”སོགས་རིག་གནས་ཁྱབ་གདལ་དང་གསར་བརྗེའི་རིག་རྩལ་གྱི་དམངས་ཕན་འཁྲབ་སྟོན་བྱ་འགུལ་ཐེངས 28སྤེལ།  བོད་ཡིག་ཡིག་གཟུགས་བརྩམས་ཆོས 400ལྷག་དང་། རྣམ་ཐར གྱིDVDའོད་སྡེར 90ལྷག་ཕབ་སྐྲུན་བྱས། དྲིལ་བསྒྲགས་རིག་རྩལ་རུ་ཁག 11བཙུགས་ནས་དུས་བཅད་མེད་པར་སྡེ་མིའི་སྣེ་ཁྲིད་དེ་སྒོར་བྲོ་འཁྲབ་བཞིན་ཡོད། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ 40འཁོར་བར་དྲན་གསོ་ཞུ་བའི་ཡིག་གཟུགས་དང་རི་མོའི་འགྲེམ་སྟོན་སྤེལ་བ་དང་། མི་སྟོང་གིས“ང་དང་ངའི་མེས་རྒྱལ”ཞེས་པའི་གླུ་དབྱངས་བརྙན་ཕབ་བྱས། བརྙན་འཕྲིན་ཟློས་གརརྫོགས་ལྡན་གྱི་སྐོར་བྲོསོགས་བསྒྲིགས་ནས་འཁྲབ་སྟོན་བྱས། སྨོན་ལམ་དུས་ཆེན་དང་། རོང་འབྲོག་པའི་ལུས་རྩལ་འགྲན་ཚོགས། ལན་ཆིའུ་སྤོ་ལོའི་འགྲན་བསྡུར་སོགས་རིག་རྩལ་བྱ་འགུལ་སྤེལ།།      

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།