ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་བོའི་ནགས་ལས་ལ་གསོན་ཤུགས་གསར་བ་རྒྱས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ 70འཁོར་བའི་རིང་དུ། ཐེ་བོ་རྫོང་གིས་ནགས་ལས་གསར་སྤེལ་ཁྲོད་མདུན་སྐྱོད་བྱས་ནས་ནགས་ལས་ལ་སྐུལ་འདེད་བཏང་སྟེ་ནགས་ལས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ནགས་ལས་སྒྲིག་སྲོལ་གསར་གཏོད་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལེའུ་གསར་བ་བརྩམས་ཡོད།

ཐེ་བོ་ནི་སྐྱེ་ཁམས་མ་ལག་ཕུན་སུམ་ཚོགས་པའི་ལྗང་མདོག་གི་ཡུལ་གྲུ་ཞིག་ཡིན་ཏེ། མངའ་ཁོངས་སུ་རི་བོ་མཐོ་ལ་གྲོག་རོང་དོག་པ། ནགས་ཚལ་མུ་མཐའ་མེད་པ། གནམ་གཤིས་བརླན་གཤེར་ཆེ་བའི་ཀན་སུའུ་ཞིང་ཆེན་གྱི་ནགས་ལས་རྫོང་ཆེ་ཤོས་ཤིག་ཡིན་ལ། རྒྱལ་ཡོངས་ཀྱི་རང་བྱུང་ནགས་ཁུལ་གཙོ་བོའི་གྲས་ཤིག་ཀྱང་ཡིན། ནགས་སའི་རྒྱ་ཁྱོན་ལ་མུའུ་ཁྲི 599.09ཡོད་པ་དང་། ནགས་ཚལ་གྱི་ཁེབས་ཚད 65%ཡན་ཟིན་པ་དང་། ཤིང་སྡོང་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི 4510.1ཟིན་ཞིང་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་པའི་རིམ་པ་དང་བོ་དང་གཉིས་པའི་སྲོག་ཆགས་མང་བོ་གནས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཐེ་བོ་རྫོང་གིས་ནགས་ལས་སྐྱེ་ཁམས་འཛུགས་སྐྲུན་ལ་མཐོང་ཆེན་ཚད་མཐོ་བྱས་ནས་རི་ཆུ་སྔོན་མོ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། ནགས་ཚལ་གྱི་གྲོང་ཁྱེར་དང་། མི་འཚོ་སྡོད་ཀྱི་ལྷ་ཡུལ། རང་བྱུང་གསོ་རླུང་ཁང་བཅས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བསྐྲུན། རྒྱལ་ཁབ་ཀྱིས་ཐེ་བོ་རུ་ལག་བསྟར་བྱས་པའི་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དང་། རྨོ་བསྐྱུར་ནགས་སྐྱོང་། རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བཅས་ནགས་ལས་གཙོ་གནད་ལས་གྲྭ་ཆེན་པོ་གསུམ་དང་ནགས་བཟོ་སྔོ་འགྱུར་རྣམ་གྲངས་གཙོ་བོར་བཟུང་ནས་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་རྫོང་གི་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།    98ལོར་རྒྱལ་ཁབ་ཀྱི་རང་བྱུང་ནགས་ཚལ་གཅོད་མཚམས་བཞག་རྗེས་སྡོང་འཛུགས་ནགས་བཟོ་བྱེད་འགོ་ཚུགས། ལོ་མང་རིང་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་བ་བརྒྱུད། མིག་སྔའི་བར་ཐེ་བོ་རྫོང་གིས་རང་བྱུང་ནགས་ཚལ་ཐོན་ཁུངས་མུའུ་ཁྲི 521.10བདག་སྐྱོང་ནུས་ལྡན་བྱས་པ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གཞི་རིམ་རྩིས་བྱས་ན་མིའི་ཐབས་ལ་བརྟེན་ནས་ནགས་བཟོ་མུའུ་ཁྲི 50བྱས་པ་དང་། རི་རྒྱ་ནགས་གསོ་མུའུ་ཁྲི 100བྱས་པ། རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གྲྭའི་དུས་རིམ་དང་བོའི་དུས་ཀྱི་མུའུ་ཁྲི 212.20ནས 2018ལོར་བསླེབས་སྐབས་མུའུ་ཁྲི 296.5ལ་བསླེབས་ནས་མུའུ་ཁྲི 84.3ཇེ་མང་དུ་སོང་། ནགས་ཚལ་གསོག་ཚད་དེ་རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གྲྭའི་དུས་རིམ་དང་བོའི་དུས་ཀྱི་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི 3542.80ནས 2018ལོར་བསླེབས་སྐབས་སྨི་རྒྱ་དཔངས་གྲུ་བཞི་ཁྲི 3776.35བར་ཇེ་མང་དུ་སོང་བ་དང་སྨི་རྒྱ་དཔངས་གྲུ་བཞི་ཁྲི 233.55འཕར་བ། ནགས་ཚལ་ཁེབས་ཚད་དེ་རང་བྱུང་ནགས་ཚལ་སྲུང་སྐྱོང་གི་དུས་རིམ་དང་བོ་འགོ་ཚུགས་སྐབས་ཀྱི 47.0%ནས 2010ལོའི 56.5%བར་འཕར་བ་དང་། 2018ལོར 66.0%བར་མཐོ་རུ་ཕྱིན་པ། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་རིམ་རྩིས་བྱས་ན་སྡོང་རྐང་ཁྲི 1748ཟིན་ཡོད།

ཐེ་བོའི་སྐྱེ་ཁམས་ཁོར་ཡུག་ཉིན་རེ་བཞིན་ལེགས་སུ་ཕྱིན་ནས་མིག་སྔར་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ 2དང་། རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང 1ཞིང་ཆེན་རིམ་པའི་ནགས་ཚལ་སྤྱི་གླིང 1བཅས་ཡོད་པ་དང་བྲག་སྒམ་ནང་ཞིང་ནགས་ཕྱུགས་ལས་མཉམ་འདུས་མ་ལག་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་གོ་ལ་ཧྲིལ་པོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་སྲུང་སྐྱོང་གི་མིང་གཞུང་ནང་ཚུད་ནས་སྐྱེ་ཁམས་ཡུལ་སྐོར་དང་ཕྱི་རོལ་ལུས་རྩལ་གྱི་གནས་མཆོག་ཏུ་གྱུར་ཡོད།།    

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།