ཀྲུང་གོ་བོད་ཀྱི་དྲ་བ།

འདམ་རའི་ཁྲུང་ཁྲུང་ནག་པོའི་ལྡེམ་འགྱུར།

ཡོང་ཁུངས། : ཤིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་འདིར་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་ཧེ་ཧི་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཀུང་ཅ་ཏུན་ཁུའུ་ཁུལ་དུ་ཁྲུང་ཁྲུང་ནག་པོས་རྒུམ་བུ་འཐུ་བ་དང་རྩེད་འཇོར་རོལ་བཞིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཁྲུང་ཁྲུང་ནག་པོ་ནི་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་ཁོངས་སུ་གཏོགས་པ་མ་ཟད། འཛམ་གླིང་གི་སྟོང་ལ་ཉེ་བའི་འདབ་ཆགས་རྩ་ཆེན་ཡང་ཡིན་པས། “འདབ་ཆགས་ཁྲོད་ཀྱི་དོམ་ཁྲ་”ཞེས་འབོད་སྲོལ་ཡོད། ཀའོ་ཐའེ་རྫོང་ནི་རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་གྱི་གཙང་པོ་ཨང་གཉིས་པ་སྟེ་ནག་ཆུའི་དབུས་རྒྱུད་དུ་གནས་པ་དང་། ཆུ་ཁོངས་ཀྱི་རྒྱ་ཁྱོན་ཆེ་བ་དང་ཆུ་སྐྱེས་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། ཁྲུང་ཁྲུང་ནག་པོ་སོགས་རི་སྐྱེས་འདབ་ཆགས་ལ་ཐུན་མོང་མ་ཡིན་པའི་ཁོར་ཡུག་བསྐྲུན་ཡོད་པ་དང་། དེ་ནི་རྒྱལ་ནང་གི་དུས་བྱ་གནས་སྤོ་བྱེད་པའི“བར་རྒྱུད་ས་ཚིགས”ཀྱི་གྲས་ཤིག་རེད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།