གཙོས་གྲོང་ཁྱེར་གྱི་ཚོང་འགུག་དངུལ་འདྲེན་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་སྟོད་དུ། གཙོས་གྲོང་ཁྱེར་གྱིས་ཚོང་འགུག་དངུལ་འདྲེན་གྱི་བྱ་བ་སྤེལ་བར“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་དང་། “ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས”དང“དུས་ཆེན་གཅིག་དང་ཚོགས་འདུ་གཅིག”བཅས་ཀྱི་གོ་སྐབས་བཟུང་ནས་ས་ཁོངས་ཀྱི་ཁྱད་ལྡན་བབ་བཟང་ཐོན་ཁུངས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། “ལན་ཀྲོའུ་ངོ་འཕྲད་གྲོས་མོལ་ཚོགས་འདུ”དང་། “ནུབ་རྒྱུད་དངོས་མང་བཤམས་སྟོན་ཚོགས་ཆེན”དང“ཐེན་ཅིན་ངོ་འཕྲད་གྲོས་མོལ་ཚོགས་འདུ”སོགས་ཞིང་ཆེན་ཕྱི་ནང་གི་དུས་ཆེན་སྣ་ཚོགས་ལས་སྟེགས་སུ་སྤྱད་དེ་རིག་ལམ་བསྒྱུར་བ་དང་། ཐབས་ལམ་འབྱེད་པ། ལས་སྟེགས་སྐྲུན་པ་བཅས་བྱས་ནས་ཤུགས་ཆེན་པོས་ཚོང་འགུག་དངུལ་འདྲེན་བྱས་པ་དང་། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས་ཚོང་འགུག་དངུལ་འདྲེན་བྱ་བ་བརྟན་པོའི་ངང་འཕེལ་རྒྱས་སུ་ཕྱིན།

ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱིས་རིགས་སྣ་ཚོགས་ཀྱི་ཚོང་འགུག་དངུལ་འདྲེན་གྱི་ལས་གཞི9ལ་གསར་དུ་གན་རྒྱ་བཞག་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར12ཀྱི་གན་རྒྱ་བཞག་ཅིང་། ལྷག་པར་དུ་ཀྲེ་ཅང་ཀུན་མཐུན་སྨན་རྫས་བཟོ་གྲྭའི་འཛུགས་སྐྲུན་ལས་གཞི་དེ་ཞིང་ཆེན་ཡོངས་ཀྱི་ལས་གཞི་གལ་ཆེན་གྱི་གཅིག་སྡུད་གན་འཇོག་མཛད་སྒོའི་ཐོག་གན་རྒྱ་བཞག་པའི་ཁུལ་ཡོངས་ཀྱི་ལས་གཞི་གཅིག་པུ་དེ་ཡིན། མིག་སྔའི་བར་དུ། གྲོང་ཁྱེར་ཡོངས་སུ་རིགས་སྣ་ཚོགས་ཀྱི་ཚོང་འགུག་དངུལ་འདྲེན་གྱི་མཐུད་འཛུགས་ལས་གཞི34དང་རྒྱུན་ལྡན་གྱི་འཛུགས་སྐྲུན་ལས་གཞི24ཡོད་དེ། རིམ་བསགས་ཀྱིས་བརྩིས་ན་མ་དངུལ་སྒོར་དུང་ཕྱུར3.83བཏང་ཡོད་། དེ་དང་ཆབས་ཅིག་ཏུ་ལས་གཞི་ཡོངས་ཀྱི་ཁྲོད་ནས་རྒྱུ་རྐྱེན་གཙོ་བོ་ཆ་ཚང་བ་དང་། མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེ་བ། ཚོང་རའི་མདུན་ལམ་རྒྱ་ཆེ་བ་བཅས་ཀྱི་ལས་གཞི10བདམས་ནས་ད་ལོར་ཕྱི་ཕྱོགས་སུ་གཙོ་གནད་དུ་འོས་སྦྱོར་བྱེད་པའི་ཚོང་འགུག་དངུལ་འདྲེན་གྱི་ལས་གཞི་རུ་བཞག་པ་དང་། ལས་གཞི་དེ་དག་ལ་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བྱས་ནས་མ་དངུལ་འཇོག་པའི་ཐོག་མའི་འཆར་འགོད་བཟོས། 2019ལོའི་ཚོང་འགུག་དངུལ་འདྲེན་གྱི་མ་འཇོག་ཕྱོགས་སྟོནདང་ལས་གཞིའི་ལྡེབ་ངོས་བསྐྱར་དུ་ཇུས་འགོད་དང་པར་སྐྲུན་བྱས་པ་དང་། གཙོས་གྲོང་ཁྱེར་གྱི་གྲགས་ཅན་སྤུས་ལེགས་ཁྱད་ལྡན་ཐོན་རྫས་ཀྱི་མིང་ཐོཔར་སྐྲུན་བྱས་ནས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་དང“ཕྱི་རུ་སྐྱོད་པའི”ཐད་རྨང་གཞི་བརྟན་པོ་བཏིང་།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།