ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་བོ་རྫོང་གིས་གཅིག་བསྡུས་ལྔ་ཡིས་ནག་སེལ་གཤེད་བཅོམ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ནུས་ལྡན་ངང་ཟུང་འབྲེལ་བྱས་པར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་ཨུའི་རྩ་འཛུགས་པུའུ་ཡིས་ཏང་འཛུགས་བྱ་བ་སྣེ་ཁྲིད་དུ་བྱས་ཤིང་། “གཅིག་བསྡུས་ལྔ”འབུར་དུ་ཐོན་པར་བྱས་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས་དབུལ་སྐྱོར་མཁྲེགས་གཏོར་དང་ཞིང་སྡེའི་དར་སྤེལ་ལ་རྩ་འཛུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱས།

བཀོད་སྒྲིག་གཅིག་བསྡུས་བྱས་པ། ནག་སེལ་གཤེད་བཅོམ་སྟོབས་ཤུགས་གཅིག་ཏུ་བསྡུས་པ། 《རྫོང་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བའི་ལག་བསྟར་བྱ་ཐབས》བཏོན་པ་དང་། རྩ་འཛུགས་བྱ་བའི་གྲོས་ཚོགས་དང་ཏང་ཀྲི་པུའུ་རྩ་འཛུགས་ཚད་ལྡན་ཅན་གྱི་བྱ་བ་བཀོད་སྒྲིག་ཚོགས་འདུ། གཞི་རིམ་ཏང་འཛུགས་གཙོ་གནད་ལས་འགན་སྐུལ་སྤེལ་ཚོགས་འདུ་དང་གོང་རིམ་གྱི་སྐོར་བཤེར་ལྟ་སྐུལ་གནད་དོན་ཕྱིར་ལྡོག་བཅོས་སྒྲིག་སྐུལ་སྤེལ་ཚོགས་འདུའི་ཐོག་བཀོད་སྒྲིག་བྱས་ཤིང་། འགན་འཁྲི་བརྒྱུད་བསྒྲགས་དང་ཆེད་དོན་འཐབ་རྩོད་བྱ་བ་བཀོད་སྒྲིག་བྱས་ནས་བྱ་བར་ལུགས་མཐུན་རང་བཞིན་ཆགས་པར་བྱས།

དྲིལ་བསྒྲགས་སློབ་གསོ་གཅིག་བསྡུས་བྱས་པ། ནག་སེལ་གཤེད་བཅོམ་གྱི་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་བ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དང་འབྲེལ་ཡོད་ཀྱི་ནང་དོན2019ལོའི་རྫོང་ཡོངས་ཀྱི་ལས་བཟོ་བ་སློབ་གསོའི་གསོ་སྦྱོང་བྱ་བའི་གནད་འགག་ཏུ་བཞག་ནས་སྔ་གཞུག་ཏུ་དབུལ་སྐྱོར་མཁྲེགས་གཏོར་གྱི་ཆེད་ལས་ནུས་རྩལ་མཐོར་འདེགས་སུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་དང་ཞིང་སྡེའི“ཨུ་ལྷན་གཉིས”ཀྱི་ནུས་རྩལ་མཐོར་འདེགས་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་སོགས་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་ཐེངས 6བསྒྲུབས་པ་དང་། མི་ཐེངས600གསོ་སྦྱོང་བྱས། 

ཀྲི་པུའུ་འཛུགས་སྐྲུན་ཐད་གཅིག་བསྡུས་བྱས་པ། ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་ཀྱི་བཙན་རྫོང་སྲ་མཁྲེགས་སུ་བཏང་བ། རྩ་འཛུགས་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་བ་གཙོ་གནད་དུ་བཟུང་ནས་རོང་འབྲོག་སྡེའི་ལྷོད་གཡེང་ཡིན་པའི་ཏང་རྩ་འཛུགས 6དག་ཐེར་བྱས་པ་དང་ལས་འགན་ཐོབ་ཐང་གི་ཆ་རྐྱེན་མི་འདང་བའི“སྡེ་ཨུ་གཉིས”ཀྱི་ཁུངས་མི17ཞིབ་བཤེར་བྱས་པ་དང་ཚང་མ་གཙང་བཤེར་བྱས་ནས་གནས་སུ་ཐོན་པར་བྱས་ཤིང་མི12ཁ་གསབ་བྱས།

དཔུང་སྡེ་འཛུགས་སྐྲུན་གཅིག་ཏུ་བསྡུས་པ། ནག་སེལ་གཤེད་བཅོམ་གྱི་རྐང་འཛིན་སྟོབས་ཤུགས་སྟོབས་ལྡན་དུ་བཏང་བ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་དོན་སྙིང་གལ་ཆེན་དང་འབྲེལ་ཡོད་བླང་བྱ་རོང་འབྲོག་སྡེའི་ཏང་ཡོན་གྱི“དགུན་ཁའི་གསོ་སྦྱོང”དང“ཚོགས་འདུ་གཅིག་དང་སློབ་ཁྲིད་གཅིག” ཏང་ཡོན་གྱི་བརྗོད་དོན་ཉིན་མོ། ཏང་གི་ཆེད་དོན་སློབ་ཁྲིད་ཀྱི་ནང་དོན་དུ་བཞག་ནས་ཏང་ཡོན་གྱི་ངོས་ཟིན་མཐོར་འདེགས་སུ་བཏང་ནས་མང་ཚོགས་ཀྱི་རྐང་འཛིན་མི་སྣ་ལེགས་པོ་བྱས་པ།

ཁུངས་སྣེ་གཙང་སེལ་བྱས་པ། ནག་སེལ་གཤེད་བཅོམ་གྱི་བྱ་བའི་རྩིས་ཐོ་ལེགས་པར་བཙུགས་པ། འགུལ་རྣམ་ཅན་གྱི་ཞིབ་བཤེར་དང་རྒྱུན་རྣམ་ཅན་གྱི་བཅོས་སྒྲིག་གི་རིག་ལམ་དང“ལུས་པ་མེད་པ་ལྔ”ཡི་བླང་བྱ་ལྟར་གནད་འཁེལ་དབུལ་སྐྱོར་གྱི་སྡེ་བར་བསྡད་དེ་དབུལ་སྐྱོར་བྱས་པ། ཁྲིམས་སྲོལ་དྲིལ་བསྒྲགས། རྩོད་གཞི་འདུམ་འགྲིག་སོགས་ཀྱི་བྱ་བ་དང་ཟུང་འབྲེལ་བྱས་ནས། 《ཐེ་བོ་རྫོང་གི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་འགན་འཁྲི་བདའ་འདེད་བྱ་ཐབས》བཏོན།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།