“བྱས་རྗེས་རྡོ་རིང”བརྒྱ་ཕྲག་ལས། དམངས་ལ་བརྩེ་བ་འཆང་བ་མཚོན།

—— ཀན་སུའུ་ཞིང་ཆེན་ཀན་ལྷོ་ཡན་ལག་དམག་ཁུལ་ཁང་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྐོར་བཀོད་པ།    

“དབུལ་སྐྱོར་ངོ་མ་བྱེད་མཁན་དམག་དཔུང་གྲོང་ཚོར་བསྐྱོད་ནས་དཀའ་ངལ་སེལ། དབུལ་པོ་ངོ་མར་དབུལ་སྐྱོར་བྱེད་མཁན་གྱིས་དཀའ་སྤྱད་ཕྱུག་འགྱུར་ངང་ཏང་གི་དྲིན་ལན་གསོས”ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་གྲོང་ཁྱེར་དང་གྲོང་གསེབ་གང་ས་ནས་ས་གནས་དེ་གའི་མང་ཚོགས་ཀྱིས་རང་འགུལ་ངང་བརྐོས་ཞིབ་ཚགས་བརྒྱབ་པའི་རྡོ་རིང་ཆེ་ཆུང་མི་འདྲ་བ་བརྒྱ་ཙམ་མཐོང་རྒྱུ་ཡོད།

“བྱས་རྗེས་རྡོ་རིང”བརྒྱ་ཕྲག་དེ་དག་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཡན་ལག་དམག་ཁུལ་ཁང་གི་དམངས་གཅེས་དམངས་རོགས་ཀྱི་དཔང་པོ་ཞིག་རེད།

རི་ཚོགས་ཀྱིས་བསྐོར་ཞིང་རི་ལམ་ཀྱག་ཀྱོག་ཏུ་གནས། ཞོགས་པ་འབྲུག་ཆུ་རྫོང་མི་དམངས་དྲག་ཆས་པུའི་ཆབ་སྲིད་ཨུ་ཡོན་སུན་ཧྲའོ་ཚུང་པ་ཧྲུའུ་རི་རྒྱུད་བྱང་འདབས་ཀྱི་སྟག་ཡུལ་ཤང་མདོ་ན་གྲོང་ཚོར་འབྱོར།

མདོ་ན་གྲོང་ཚོ་ནི་རི་མཐོ་གཡང་གཟར་དུ་གནས་པས་ཤིན་ཏུ་དབུལ་བའི་རང་བྱུང་གྲོང་ཚོ་ཞིག་རེད། སྔོན་ཆད་ཡུལ་མི་ཚོས་ལོ་ཧྲིལ་པོར་རི་ལྡེབས་ལ་ཞིང་ཁ་འདེབས་པ་དང་བྱ་སྒོང་བཙོངས་ནས་ཚྭ་དང་བརྗེ་པོ་བརྒྱབ་སྟེ་འཚོ་བ་སྐྱེལ་གྱི་ཡོད། ད་ཆ་མི་དམངས་དྲག་ཆས་པུའི་གནས་གཏན་འཁེལ་གྱི་རོགས་རམ་འོག་དེ་གར་སྦྲང་ནོར་བུ་གསོས་ནས་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“བདེ་སྐྱིད་གྲོང་ཚོར”གྱུར་ཡོད།

རྣམ་གྲངས་ཡག་པོ་ཡོད་མེད་མང་ཚོགས་ལ་གཏམ་བཤད་སྤེལ་དབང་ཆེ་ཤོས་ཡོད། “ངས་འདི་ལོ་སྦྲང་ནོར་བུ་སྒམ་80ལྷག་ཙམ་གསོས་པར་ལོ་གཅིག་ལ་སྦྲང་གསོའི་རྣམ་གྲངས་གཅིག་པུར་མཉམ་ལས་ཁང་ནས་ཁེ་སྤོགས་སྒོར་ཁྲི་6ཙམ་བྱུང”ཞེས་དུད་ཚང་དབུལ་པོའི་ཧོར་ཆེན་གྱིས་བརྗོད།

ཤེས་རྟོགས་བྱུང་བར་གཞིགས་ན། སྦྲང་གསོའི་རྣམ་གྲངས་གཅིག་པུ་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་60ལྷག་ཙམ་གྱི་མང་ཚོགས་ལ་ཕན་པ་ཐོབ་ཡོད། ཀན་ལྷོ་ཀྲོའུ་ཨུད་ཀྱི་རྒྱུན་ཨུ་ཡན་ལག་དམག་ཁུལ་ཁང་གི་སི་ལིང་ཡོན་ཧྲི་ཡོན་ཧྥུང་གིས“བུ་ཕྲུག་དམག་གིས་མང་ཚོགས་ཀྱི་ཁེ་ཕན་དེ་སེམས་དབུས་སུ་བཅངས་ནས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་དང་དཀའ་སྡུག་མཉམ་མྱོང་བྱེད་དགོས”ཞེས་བརྗོད།

དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུལ་ཇི་ལྟར་ཡིན་པ་དང་། མང་ཚོགས་དབུལ་པོའི་ཐོན་སྐྱེད་དང་འཚོ་བར་ད་དུང་དཀའ་ངལ་དང་གནད་དོན་གང་ཡོད་མེད་སོགས་དུས་ཚོད་གང་འཚམ་སོང་རིམ་བཞིན་ཀན་ལྷོ་ཡན་ལག་དམག་ཁུལ་ཁང་གི་དཔོན་དམག་ཚོས་རང་གིས་འགན་གཙང་བླངས་པའི་གྲོང་ཚོ་དབུལ་པོར་དཀའ་ངལ་དང་གནད་དོན་གང་དག་ཡོད་པ་སྐད་ཆ་འདྲི་བར་འགྲོ་དགོས་ཀྱི་ཡོད།

རྔ་རྒོད་གྲོང་ཚོ་དང་ཆུ་ངན་གྲོང་ཚོ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བསང་ཆུ་རྫོང་ཁོངས་གཏོགས་ཀྱི་འབྲོག་ལས་རྐྱང་པའི་གྲོང་ཚོ་གཉིས་ཡིན། སྔོན་ཆད་གྲོང་ཚོ་གཉིས་པོའི་དབར་ཕྱུགས་འཚོའི་རྩྭ་རའི་དོན་དུ་གདོང་ཐུག་ཐེངས་མང་པོ་བྱུང་མྱོང་ཡོད། གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱ་ཆེད། བསང་ཆུ་རྫོང་མི་དམངས་དྲག་ཆས་པུས་བོད་རིགས་ས་ཁུལ་དུ་ཡུལ་སྐོར་ལ་ཡོང་མཁན་ཉིན་བཞིན་ཇེ་མང་དུ་འགྲོ་བར་དམིགས་ཏེ་གྲོང་ཚོ་གཉིས་པོར་ལམ་སྐྲུན་ཟམ་རྒྱག་དང་ཆུ་རགས་རྒྱག་རྒྱུའི་སྣེ་ཁྲིད་དེ་ཡུལ་སྐོར་ཐོན་ལས་གོང་འཕེལ་ཤུགས་ཆེན་བཏང་བ་མ་ཟད། “དྲ་ཐོག་ཚོང་ཁང་+”“ཡུལ་སྐོར+”སོགས་ཀྱི་དབུལ་སྐྱོར་བྱ་ཐབས་གསར་པ་འཚོལ་ཞིབ་བྱས་ནས་ཁྱད་ལྡན་དམངས་ཕྱུག་ཐོན་ལས་གོང་འཕེལ་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

ཡུན་རིང་ཕྱིར་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་མཁན་འབྲོག་པ་བཀྲ་ཤིས་ལ་གྲུམ་བུ་ཆུ་སེར་གྱི་ནད་ཚབས་ཆེན་ཕོག་པའི་ཁར་བཟའ་ཟླར་ཡང་སྒལ་རུས་རེངས་པོར་གྱུར་པ་དང་གཅིན་སྙི་ཟགས་ཁུའི་ནད་ཡོད། 2016ལོར་མི་དམངས་དྲག་ཆས་པུའི་རོགས་རམ་འོག་བཀྲ་ཤིས་ཀྱིས་ནོར་ལུག་བཙོངས་ནས“འབྲོག་པའི་སྤྲོ་སྐྱིད་ཁང”བཙུགས་ཤིང་། 2018ལོ་ཁོ་ནར་བཀྲ་ཤིས་ཁྱིམ་ལ་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་བྱུང་ཡོད།

ཡུལ་མི་ལྷ་མོ་སྐྱབས་ཀྱིས་དམངས་འཚོའི་རྣམ་གྲངས་ཁག་གཅིག་སྔ་རྗེས་སུ་ལག་ལེན་བསྟར་བ་བརྒྱུད་རི་སྔོ་ཞིང་ཆུ་མོ་དྭངས་བར་གྱུར་པ་མ་ཟད། སྔོན་ཆད་བཙོག་ཟིང་གི་གྲོང་ཚོ་དེ་ད་ཆ་སྣོད་བཅུད་ལྟ་སྐོར་དང་རིག་གནས་མྱོང་རོལ་སོགས་ཕྱོགས་མང་པོ་གཞི་གཅིག་ཏུ་འདུས་པའི་རིག་གནས་ཡུལ་སྐོར་གྱི་གྲོང་གསར་ཞིག་ཏུ་གྱུར་ཡོད་ཅེས་བརྗོད།

ཞོགས་པ་སྔ་པོ་ནས་གཙོས་གྲོང་ཁྱེར་ལྷས་ཤུལ་གྲོང་རྡལ་གྱི་ལིང་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཀླུ་མོ་ཐར་གྱིས་ཞོ་ཟོམ་གང་སྒལ་པར་འཁུར་ནས་ཡན་ལག་དམག་ཁུལ་ཁང་དུ་ཡོང་སྟེ་དཔོན་དམག་ཚོར་ཞོ་བཟོ་གྲྭ་ནས་ཐོན་པའི་ཞོ་ཕུད་ཀྱི་བྲོ་བ་ལྟ་རུ་བཅུག་པ་རེད།

ན་ནིང་ལོ་སྟོད་དུ་ཡན་ལག་དམག་ཁུལ་ཁང་གིས་གྱི་ལིང་གྲོང་ཚོར་ཞིང་སྤྱོད་འདྲུད་འཐེན་འཕྲུལ་འཁོར་སྤྲད་པ་དང་ཞིང་སྤྱོད་འཕྲུལ་ཆས་གཏོང་མཁན་ཁ་ལོ་བའི་གསོ་སྦྱོང་འཛིན་གྲྭ་བཙུགས་ཏེ་རོགས་སྐྱོར་དུད་ཚང་ལ་རྨོ་འདེབས་ཀྱི་ངལ་ནུས་མི་འདང་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཡོད། དབུལ་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། ཡན་ལག་དམག་ཁུལ་ཁང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞོ་ལས་སྣོན་ཐོན་སྐྱེད་རྣམ་གྲངས་གཏོད་རྒྱུར་ཞིབ་འཇུག་གཏན་འབེབས་བྱས་ཏེ་ཞིང་འབྲོག་ཐོན་རྫས་ཀྱི་ཟུར་བསྣན་རིན་ཐང་གོང་མཐོར་བཏང་ནས་ཡུལ་མི་ཚོར་ཡོང་འབབ་ངོ་མ་འཕར་བ་བྱས་ཡོད།

“ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་སྐྱོད་པའི་ལམ་བར་དུ་མང་ཚོགས་དབུལ་པོ་གཅིག་ཀྱང་མི་ལུས་པ་བྱེད་དགོས”ཞེས་ཡན་ལག་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་མའོ་ཤིང་ཝུན་གྱིས་བརྗོད་པ་དང་། ཁོང་གིས་དེ་ནི་དམིགས་ཚད་དང་ཁས་ལེན་ཞིག་ཡིན་པ་མ་ཟད། དཔུང་སྡེའི་ཏང་ཡོན་ལས་བྱེད་པའི་ཐོག་མའི་བསམ་འདུན་དེ་བས་ཡིན་ཞེས་བརྗོད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།