བསང་ཆུ་རྫོང་གིས་དབུལ་ཐར་མཁྲེགས་གཏོར་གྱི་རོགས་སྐྱོར་བྱ་བ་མཐུན་སྦྱོར་བྱེད་པའི་སྐུལ་འདེད་ཚོགས་འདུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གིས་དབུལ་ཐར་མཁྲེགས་གཏོར་གྱི་རོགས་སྐྱོར་བྱ་བ་མཐུན་སྦྱོར་བྱེད་པའི་སྐུལ་འདེད་ཚོགས་འདུ་བསྡུས། ཞིང་ཆེན་དང་ཁུལ་རོགས་སྐྱོར་ལས་ཁུངས་ཀྱི་འགན་ཁུར་བ་དང་། བསང་ཆུ་རྫོང་གི་ཤང་དང་གྲོང་རྡལ་ཁག་གི་ཏང་ཨུའི་ཧྲུའུ་ཅི། རྫོང་དབུལ་ཐར་མཁྲེགས་གཏོར་རོགས་སྐྱོར་བྱ་བའི་མཐུན་སྦྱོར་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་ཁུར་བ་གཙོ་བོ། དབུལ་ཕོངས་སྡེ་བ་ཁག་གི་རོགས་སྐྱོར་རུ་ཁག་གི་རུ་དཔོན་བཅས་ཚོགས་འདུར་ཞུགས། 

ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཕེབས་སྐབས་ཀྱི་གསུང་བཤད་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་རྣམ་བཤད་གནད་བསྡུསདང་། ཞི་ཅིན་ཕིང་གི་དབུལ་སྐྱོར་རྣམ་བཤད་གནད་བསྡུསཁྲོད་ཀྱི་རོགས་སྐྱོར་བྱ་བ་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་འབྲེལ་ཡོད་ནང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། 

ཉེ་བའི་ལོ་ཤས་རིང་། བསང་ཆུ་རྫོང་གིས་གོང་རིམ་སྡེ་ཁག་གི་མཛུབ་སྟོན་དང་རིམ་པ་ཁག་གི་རོགས་སྐྱོར་ལས་ཁུངས་ཀྱི་རོགས་སྐྱོར་འོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་དེ་དོན་ཆེན་ཨང་དང་བོ་རུ་བཟུང་ནས་གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་གྱི་ཐབས་ཇུས་མཐའ་འཁྱོངས་བྱས་ཤིང་། བསང་ཆུ་རྫོང་གི་ས་གནས་ཀྱི་ཁྱད་ཆོས་དང་ཐོན་ཁུངས་ལ་གཞི་ཚུགས་པ་བཅས་བྱས་པས་དབུལ་ཐར་མཁྲེགས་གཏོར་བྱ་བ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། རྫོང་ཡོངས་ཀྱི་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་མི་གྲངས་དེ2013ལོའི་ལོ་སྟོད་ཀྱི་ཁྱིམ་ཚང3635ཡི་མི17121ནས2018ལོའི་ལོ་མཇུག་གི་ཁྱིམ་ཚང198ཡི་མི958བར་ཉུང་དུ་ཕྱིན་པ་དང་། དབུལ་ཕོངས་སུ་འགྱུར་ཚད24.8%ནས1.36%ཏུ་མར་ཆགས་ཡོད། རིམ་བསགས་ཀྱིས་བརྩིས་ན་དབུལ་ཕོངས་སྡེ་བ26དབུལ་ཕོངས་ལས་ཕྱིར་འཐེན་བྱས་པ་དང་། དབུལ་ཕོངས་སྡེ་བ1མ་གཏོགས་ལྷག་མེད་ལ། དབུལ་ཕོངས་སྡེ་བ་དབུལ་ཕོངས་ལས་ཕྱིར་འབུད་ཚད96.3%ལ་བསླེབས་ཡོད། དབུལ་ཕོངས་སྡེ་བའི་རྨང་གཞིའི་སྒྲིག་བཀོད་དང་། ཐོན་ལས་འཕེལ་རྒྱས། སྤྱི་བའི་ཞབས་ཞུ། སྡོད་གནས་ཁོར་ཡུག་བཅས་འཕེལ་རྒྱས་བྱུང་ཡོད། 

ཚོགས་འདུ་ལས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་དབུལ་སྐྱོར་བྱ་བའི་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་དགོས་པ་དང་། དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ནས་ཡིད་ཆེས་བརྟན་པོ་དང་། དངོས་དོན་གཉེར་བ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བཅས་ཀྱི་སྒོ་ནས་བྱ་བའི་གནད་ཁེལ་ཚད་དང་དངོས་ཕན་རང་བཞིན་མཐོ་རུ་གཏོང་དགོས་པ། རོང་འབྲོག་དབུལ་ཕོངས་ཁྱིམ་ཚང་ལ་རང་འགུལ་ངང་འཕེལ་རྒྱས་དང་ཕྱུག་འགྱུར་ཡོང་རྒྱུར་ཁྲིད་སྟོན་བྱས་ཏེ། སློབ་གསོའི་དབུལ་སྐྱོར་གྱི་ནུས་པ་འདོན་སྤེལ་བྱས་ནས་མི་རབས་ནས་མི་རབས་བར་དབུལ་ཕོངས་ཡིན་པའི་གནད་དོན་ཐག་གཅོད་བྱ་དགོས་པ། ཁྱད་ལྡན་དབུལ་སྐྱོར་ཐོན་ལས་སྐྱེད་སྲིང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་གནད་ཁེལ་དབུལ་སྐྱོར་གྱི་བསམ་བློ་གསར་བ་རྒྱ་ཆེར་གཏོང་དགོས་ཞེས་ནན་གྱིས་བསྟན།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།