ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་དུ2019ལོའི་སྐབས་གཉིས་པའི་སྤྱི་ཚོགས་རྩ་འཛུགས་ཀྱི་འགན་ཁུར་བའི་གསོ་སྦྱོང་དང་དབུལ་སྐྱོར་མཁྲེགས་གཏོར་ལ་རོགས་སྐྱོར་བྱེད་པའི་བསམ་འཆར་བརྗེ་རེས་འཛིན་གྲྭ་བསྡུས།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། དམངས་སྲིད་པུའུ་ཡིས2019ལོའི་སྐབས་གཉིས་པའི་སྤྱི་ཚོགས་རྩ་འཛུགས་ཀྱི་འགན་ཁུར་བ་གསོ་སྦྱོང་དང་དབུལ་སྐྱོར་མཁྲེགས་གཏོར་ལ་རམ་འདེགས་བྱེད་པའི་བསམ་འཆར་བརྗེ་རེས་འཛིན་གྲྭ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་དུ་བསྡུས། 

དམངས་སྲིད་པུའུ་སྤྱི་ཚོགས་རྩ་འཛུགས་ཞབས་ཞུ་ལྟེ་གནས་ཀྱི་ཏང་ཨུའི་ཧྲུའུ་ཅི་ལིའུ་ཀྲུང་ཞང་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ལིའུ་ཧྥུང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། 

ལིའུ་ཀྲུང་ཞང་གིས་སྤྱི་ཚོགས་རྩ་འཛུགས་ཀྱིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་སློབ་སྦྱོང་དང་གསོ་སྦྱོང་གི་དོན་སྙིང་གལ་ཆེན་ལ་ངོས་ཟིན་གང་ལེགས་བྱེད་པ་དང་། དབུལ་སྐྱོར་མཁྲེགས་གཏོར་ནང་ཞུགས་པའི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་སྔར་བས་ཆེ་རུ་གཏོང་བ། རང་ངོས་ཀྱི་ལེགས་ཆར་གཞིགས་ནས་དབུལ་སྐྱོར་མཁྲེགས་གཏོར་ནང་ནན་པོ་དང་ཏན་ཏིག་ངང་ཞུགས་པ། གོ་སྐབས་ལ་གཅེས་སྤྲས་བྱས་ནས་སློབ་སྦྱོང་ཡག་པོ་བྱེད་པ། ལས་སྟེགས་སྤྱད་དེ་སྦྲེལ་མཐུད་ཡག་པོ་བྱེད་པ། སྒྲིག་ཁྲིམས་དང་ཉེན་ཁ་དོགས་ཟོན་ནན་པོ་བཅས་བྱ་དགོས་ཞེས་བཤད། 

ལིའུ་ཧྥེང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་དབུལ་སྐྱོར་མཁྲེགས་གཏོར་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཡུལ་བབ་དང་བསྟུན་ཏེ་ལེགས་ཆ་འདོན་སྤེལ་བྱེད་པ། དམངས་ཕྱུག་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྐྱོར་མཁྲེགས་གཏོར་གྱི་འཐབ་ཇུས་དྲག་པོ་དེར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། དབུལ་སྐྱོར་ཁོངས་གཏོགས་ཀྱི་ལས་བྱེད་པས་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། དམིགས་ཚད་དང་ཚད་གཞིར་དམ་པོར་དམིགས་པ། དབུལ་ཐར་གྱི་སྤུས་ཚད་ནན་དུ་གཏོང་བ། ཤིན་ཏུ་དབུལ་བའི་མཁར་རྫོང་གཏོར་བ། བཅོས་སྒྲིག་ནུས་ལྡན་བྱེད་པ། དབུལ་སྐྱོར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དབུལ་སྐྱོར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱ་དགོས། 

བསམ་འཆར་བརྗེ་རེས་འཛིན་གྲྭས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་སྲིད་ལས་དོན་ཐད་གནང་བའི་དགོངས་དོན་སློབ་སྦྱོང་བྱས་པ་དང་། ཁོང་གིས་རྒྱལ་ཡོངས་དམངས་སྲིད་ཚོགས་འདུའི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་སྐོར་གྱི་རྣམ་བཤད་གལ་ཆེན་མཛུབ་ཁྲིད་དུ་བྱས་པ། སྤྱི་ཚོགས་རྩ་འཛུགས་དབུལ་སྐྱོར་མཁྲེགས་གཏོར་ནང་ཞུགས་རྒྱུར་ཁྲིད་སྟོན་དང་སྐུལ་སློང་ཧུར་ཐག་བྱས་པ”དང“སྨྱན་སྦྱོར་ཡོངས་ཀྱི་དུས་རབས་གསར་བའི་འོག་གི་སྤྱི་ཚོགས་རྩ་འཛུགས་ཀྱི་གསར་འགྱུར་དྲིལ་བསྒྲགས་དང་གླེང་ཕྱོགས་ལ་ཁ་གཏད་གཅོག་པ”དང“སྤྱི་ཚོགས་རྩ་འཛུགས་ཀྱི་བཅའ་ཁྲིམས་ནུས་པ་འཛུགས་སྐྱོང་བྱེད་པའི”ཆེད་དོན་གསུམ་འཆད་ཁྲིད་བྱས།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།