ཀན་ལྷོ་ཁུལ་གྱིས་དཔལ་འབྱོར་སྤྱི་ཚོགས་དང་སྐྱེ་ཁམས་དཔལ་ཡོན་མཐུན་སྦྱོར་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་ལྷོ་ཁུལ་གྱིས་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། གོང་འཕེལ་གྱི་ལྟ་བ་གསར་བས་མཛུབ་སྟོན་བྱས་ཏེ། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་གསར་འཛུགས་དང་འཐུས་ཚང་གཏོང་བར་སྐུལ་འདེད་དང་། “ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་གི་ལམ་ལུགས་ཀྱི་ཁོར་ཡུག་མཐུན་སྦྱོར་དང་སྐུལ་འདེད་བཏང་ནས། དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་གོང་འཕེལ་འགྲོ་བ་མངོན་འགྱུར་བྱེད་པའི་ཐད་དུ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་བཏང་ཞིང་། དཔལ་འབྱོར་སྤྱི་ཚོགས་དང་སྐྱེ་ཁམས་དཔལ་ཡོན་སྤུས་ཚད་མཐོ་བའི་སྒོ་ནས་མཐུན་སྦྱོར་གོང་འཕེལ་གཏོང་བར་སྐུལ་འདེད་བཏང་།

ནགས་བཟོའི་དཔལ་འབྱོར་ལ་བརྟེན་ནས་མཐོ་སྒང་གི་རང་བྱུང་ཁྱད་ཆོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་དཔལ་འབྱོར་ཤིང་འབྲས་ལས་རིགས། མཐོ་སྒང་གི་བོད་སྨན་སྨན་རྫས་གཞི་སའི་འཛུགས་སྐྲུན་མགྱོགས་སུ་བཏང་ནས། དཔལ་འབྱོར་འཕར་གཞི་གསར་བ་གཏོད་པར་ཤུགས་རྒྱབ། མྱུག་གསོའི་གཞི་ས་མུའུ་ཁྲི 2.58ལྷག་དང་ནགས་བཟོའི་དཔལ་འབྱོར་དཔེ་སྟོན་གཞི་ས 19བསྐྲུན་ནས། ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་ལས་བརྒལ་བ་དང་། ནགས་ཁུལ་གྱི་རོང་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་ལ་ལེགས་སྐྱེས་འབུལ་ཚད 12%སུ་བསླེབས། ཁུལ་ཡོངས་སུ་ཀྲུང་བོད་སྨན་རྫས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི 32.6ལ་བསླེབས་པ་དང་། མུའུ་བརྒྱ་ཡན་གྱི་ཀྲུང་བོད་སྨན་རྫས་ཚད་ལྡན་ཐོན་སྐྱེད་དཔེ་སྟོན་ཞིང་ས་མུའུ་ཁྲི 3ལ་བསླེབས། སྨན་རྫས་ཐོན་སྐྱེད་ལས་གཉེར་བྱེད་པའི་མཉམ་ལས་ཁང 210ཡོད་པ་དང་། ལས་གཞིའི་མ་དངུལ་སྒོར་དུང་ཕྱུར 15.15སྡེབ་སྒྲིལ་བྱས་ཤིང་། ཡུལ་སྐོར་འཛུགས་སྐྲུན་ལས་གཞི 65ལག་བསྟར་བྱས་པ་དང་། མཛེས་ལྗོངས་ཁུལ་གྱི་བགྲོད་ལམ་དང་རླངས་འཁོར་འཇོག་ས། ཡུལ་སྐོར་བའི་ལྟེ་གནས་སོགས་རྨང་གཞི་དང་ཆ་སྒྲིག་ཞབས་ཞུའི་སྒྲིག་ཆས་སྐོར་ཞིག་སྔ་རྗེས་སུ་བསྐྲུན། ཡུལ་སྐོར་གོང་འཕེལ་ཀྱི་ཆེད་ལས་འཆར་འགོད 36བཟོས་ནས་ལེགས་གྲུབ་བྱུང་བ་དང་། ལྗོངས་གཟིགས་སྟེགས་བུ 56དང་ཡུལ་སྐོར་ལྟེ་གནས 16  ཡུལ་སྐོར་གསང་སྤྱོད་ཁང 209བསྐྲུན།

མཛེས་ལྗོངས་ཁུལ་ཆེན་མོའི་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱས། མཛེས་ལྗོངས་ཁུལ་ཆེན་མོ་མགྱོགས་མྱུར་གྱིས་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་རིམ་པའི 4Aཡུལ་སྐོར་ཁུལ 6དང་རྒྱལ་ཁབ་རིམ་པའི 3Aཡུལ་སྐོར་ཁུལ 5བསྐྲུན་ཞིང་། རྒྱལ་ཁབ་ཀྱི Aརིམ་པ་ཡན་གྱི་མཛེས་ལྗོངས་ཁུལ 27ཡོད། རིག་གནས་ཐོན་ལས་མགྱོགས་མྱུར་གྱིས་གོང་འཕེལ་སོང་བས། འཕར་སྣོན་རིན་ཐང་སྒོར་དུང་ཕྱུར 2.48ལ་བསླེབས། ལོ་རེའི་ཆ་སྙོམས་འཕར་ཚད 25%ཡིན། མདོག་དགུའི་ཀན་ལྷོའི་ཤམ་བྷ་ལའི་ཡུལ་སྐོར་སྤུས་རྟགས་དང་མཚན་སྙན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།