བསང་ཆུ་རྫོང་གིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལྟ་སྐུལ་བྱ་བ་དྲིལ་བསྒྲགས་དང་ཁྱབ་སྤེལ་ཧུར་ཐག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་བསྟུད་མའི་རིང་ལ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་ཤང་གྲོང14ཡི་སྒྲིག་ཨུས་མི་སྣ་རྩ་འཛུགས་བྱས་ཏེ་རོང་འབྲོག་སྡེ་བར་ཟབ་ཞུགས་བྱས་ནས། ཀན་སུའུ་ཞིང་ཆེན་གྱི་དབུལ་སྐྱོར(དམངས་འཚོ)ཁྱབ་ཁོངས་ཀྱི་ལྟ་སྐུལ་ཆ་འཕྲིན་མ་ལག་གི་སྟེགས་བུ་དྲིལ་བསྒྲགས་དང་འགྲེལ་བཤད་བྱས་ཤིང་། ཚང་མས་ཧུར་ཐག་གིས་སྤྱོད་ཐུབ་པ་དང་སྤྱོད་མཁས་པ་བྱས་ཏེ། ལྟ་སྐུལ་ཆ་འཕྲིན་མ་ལག་དེ་རོང་འབྲོག་སྡེ་བར་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།

ཤང་གྲོང་སོ་སོས་བསང་ཆུ་རྫོང་སྒྲིག་ཨུའི་ལྟ་ཞིབ་ཨུའི་རྩོམ་སྒྲིག་པར་སྐྲུན་བྱས་པའི་བོད་རྒྱ་སྐད་གཉིས་ཀྱི 《ཀན་སུའུ་ཞིང་ཆེན་གྱི་དབུལ་ཕོངས(དམངས་འཚོ)ཁྱབ་ཁོངས་ཀྱི་ལྟ་སྐུལ་ཆ་འཕྲིན་མ་ལག་གི་བཀོལ་སྤྱོད་ལག་དེབ》གཞི་འཛིན་ས་དང་། སྡེ་བ་རིམ་པའི་ལྟ་སྐུལ་བའི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས། དབུལ་སྐྱོར(དམངས་འཚོ)ཁྱབ་ཁོངས་ཀྱི་ལྟ་སྐུལ་ཆ་འཕྲིན་མ་ལག་གི་དྲ་ཚིགས་སྦྲེལ་མཐུད་དང“ཤིང་རྟ་མོའི”སྐད་འཕྲིན་སྤྱི་རྟགས་ཀྱི་རྩ་གཉིས་ཨང་རྟགས་རི་མོ་དྲིལ་བསྒྲགས་བྱས། གློག་ཀླད་དང་ཁ་པར་སོ་སོ་མ་ལག་ཏུ་ཞུགས་ནས་ཐོ་འཇུག་དང་འདྲི་རྩད། ལྟ་སྐུལ་བཅས་བྱེད་པའི་བཀོལ་སྤྱོད་བརྒྱུད་རིམ་དང་ཞིབ་ཕྲའི་གོ་རིམ་བཅས་ལ་རེ་རེ་བཞིན་འགྲེལ་བཤད་དང་ཞིབ་སྟོན་བྱས་ཤིང་། རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ཀྱིས་གཤིབ་བསྡུར་སྒོས་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པར་མཛུབ་སྟོན་བྱས་ནས། མི་ཚང་མས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལྟ་སྐུལ་བྱ་བར་རྒྱུས་ལོན་དང་དོ་ཁུར་བྱེད་པའི་ཁོར་ཡུག་ལེགས་པོ་བསྐྲུན།

སྒྱིས་ཚང་ཤང་སྒྱིས་ཚང་སྲིད་འཛིན་སྡེ་བའི་ཐང་ལུང་མདོ་རང་བྱུང་སྡེ་བའི་འབྲོག་པ་ཀླུ་རྒྱལ་གྱིས་བཀོལ་སྤྱོད་བྱ་ཐབས་སློབ་དུས་སུ་བཤད་རྒྱུར། “མ་ལག་འདིས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱིས་ལོངས་སྤྱོད་བྱེད་བཞིན་པའི་དམངས་ཕན་མ་དངུལ་རྩད་ཆོད་པ་དང་། ཕྱོགས་སོ་སོའི་ཆ་འཕྲིན་དུས་ཐོག་ཏུ་རྟོགས་ཐུབ་པས། དངོས་གནས་ང་ཚོར་སྟབས་བདེ་བསྐྲུན”ཟེར། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།