ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ཡི་རིང་ལ་ཀན་ལྷོ་ཁུལ་གྱི་སློབ་སྔོན་སློབ་གསོ་དང་ཞག་སྡོད་ལམ་ལུགས་ཀྱི་སློབ་གསོའི་ཐད་དུ་གྲུབ་འབྲས་ཆེན་པོ་ཐོབ་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སློབ་སྔོན་སློབ་གསོ་རོང་འབྲོག་སྡེར་ཁྱབ་པ།

1978ལོར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བྱིས་གཉོར་ཁང17ཡོད་པ་དང་། བྱིས་པ396དང་དགེ་བཟོ་བ41ཡོད། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་ནས། ཀན་ལྷོ་ཁུལ་གྱི་རིམ་པ་སོ་སོའི་ཏང་སྲིད་ཀྱིས་སློབ་སྔོན་སློབ་གསོ་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། སློབ་སྔོན་སློབ་གསོ་གྲོང་ཁྱེར་ནས་གྲོང་གསེབ་ཏུ་མཆེད་དེ། རྩ་བའི་ཆ་ནས་རྫོང་དང་ཤང་དང་གྲོང་ཚོ་བཅས་རིམ་པ་གསུམ་གྱི་སློབ་སྔོན་སློབ་གསོའི་སྤྱི་བའི་ཞབས་ཞུ་མ་ལག་ཆགས་འདུག

མིག་སྔའི་བར་དུ། ཁུལ་ཡོངས་སུ་བྱིས་གཉོར་ཁང350ཡོད་པ་དང་། བྱིས་པ26199དང་དགེ་བཟོ་བ1931ཡོད། སློབ་སྔོན་ལོ་གསུམ་གྱི་སློབ་གྲྭར་ཞུགས་ཚད91.51%ལ་བསླེབས་ཡོད། ཞིང་ཆེན་རིམ་པའི་དཔེ་སྟོན་རང་བཞིན་གྱི་བྱིས་གཉོར་ཁང2དང་ཁུལ་རིམ་པའི་དཔེ་སྟོན་རང་བཞིན་གྱི་བྱིས་གཉོར་ཁང18  ཞིང་ཆེན་རིམ་པའི་རིགས་དང་པོའི་བྱིས་གཉོར་ཁང1དང་ཁུལ་རིམ་པའི་རིགས་དང་པོའི་བྱིས་གཉོར་ཁང1 ཀུན་ཕན་རང་བཞིན་གྱི་དམངས་གཉེར་བྱིས་གཉོར་ཁང45བཅས་དཔྱད་དཔོག་གཏན་ཁེལ་བྱས་ཡོད།

ཞག་སྡོད་ལམ་ལུགས་ཀྱི་སློབ་གསོ་དར་རྒྱས་བཏང་བ།

རང་བྱུང་ཁོར་ཡུག་ཞན་པ་དང་ཆ་འཕྲིན་འགག་པ། འགྲིམ་འགྲུལ་སྟབས་བདེ་མིན་པ་དང་རོང་འབྲོག་པ་མང་ཚོགས་ཁ་ཐོར་དུ་གནས་པའི་དོན་དངོས་གནས་ཚུལ་ལ་གཞིགས་ནས། 1978ལོ་ནས་བཟུང་། ཀན་ལྷོ་ཁུལ་གྱིས་རང་ཉིད་ཀྱི་ས་ཁུལ་གྱི་གནས་ཚུལ་དང་འཚམ་པའི་སློབ་སྒྲུབ་རྣམ་པ་ཞིག་གསར་གཏོད་བྱས་ཏེ། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་གོང་འཕེལ་བཏང་། 1985ལོར། རང་ཁུལ་དུ་ཞག་སྡོད་ལམ་ལུགས་ཀྱི་སློབ་ཆུང་བསྡོམས་པས36དང་སློབ་མ3352ཡོད། 1995ལོར། ཞག་སྡོད་ལུགས་ཀྱི་སློབ་གྲྭ་འབྲིང་ཆུང58ཡོད་པ་དང་སློབ་མ9193ལ་བསླེབས། 2005ལོར། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འབྲིང་ཆུང136ལ་འཕར་བ་དང་སློབ་མ43677ལ་བསླེབས་ཡོད།

2014ལོ་ནས་དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོ་ཞན་པའི་སློབ་གྲྭའི་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་ལས་གཞི་ལག་བསྟར་བྱས་པ་ནས་བཟུང་། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་། 2018ལོའི་ལོ་མཇུག་བར་དུ། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ170ལ་བསླེབས་པས། སློབ་གྲྭ་འབྲིང་ཆུང་གི40.38%ཟིན། ཞག་སྡོད་སློབ་མ46991ཡོད་པས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི42.29%ཟིན། བཅའ་སྡོད་ལམ་ལུགས་ཀྱི་སློབ་གསོའི་གོང་འཕེལ་གྱིས་སློབ་རན་སློབ་མའི་སློབ་ཞུགས་བྱེད་ཚད་དང་སློབ་མཚམས་མི་འཇོག་ཚད། འོས་འགན་སློབ་གསོ་ཁྱབ་གདལ་གཏོང་ཚད་བཅས་མཐོར་འདེགས་བྱུང་།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།