རྟ་རྒྱུག་གི་སྟོན་མོ་བཤམས། རྨ་ཆུ་ཡི་ཉམས་བཟང་མངོན།

662abf895ec14b49ae6d39b99f1fd248.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།  སྐབས་བཅུ་གཉིས་པའི་ཀྲུང་གོའི་ཀན་ལྷོ་ཤམ་བྷ་ལའི་རྨ་ཆུའི་གེ་སར་རྟ་རྒྱུག་དུས་སྟོན་དེ་རྨ་ཆུ་རྫོང་གེ་སར་རྟ་རྒྱུག་ལྟེ་གནས་སུ་འགོ་ཚུགས་ཤིང་། ཀན་སུའུ་དང་མཚོ་སྔོན། སི་ཁྲོན། བོད་ལྗོངས། ཡུན་ནན་སོགས་ཞིང་ཆེན(རང་སྐྱོང་ལྗོངས)བཅུའི་འགྲན་ཞུགས་རུ་ཁག52ཀྱི་འགྲན་རྟ906ཡིས་རྩྭ་ཐང་སྟེང་གི་མྱུར་ཚད་དང་སྤྲོ་སེམས་འཁྲབ་པར་བྱས།

ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་རྟ་རྒྱུག་དུས་སྟོན་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།  ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་དང་ཁུལ་དཔོན་གཞོན་པ་ཝང་ཧྥང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲོལ་མ་སྐྱབས་བཅས་འགོ་ཚུགས་པའི་མཛད་སྒོར་ཞུགས།

01b19c3dd2df48f18422eb30847488f6.jpg

འགོ་ཚུགས་མཛད་སྒོའི་ཐོག ཀྲུང་གོའི་རྟའི་ལས་རིགས་མཐུན་ཚོགས་ཀྱིས་གེ་སར་རྟ་རྒྱུག་མཐུན་ཚོགས་ལསྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2014ལོར་ཀྲུང་གོའི་རྟའི་རིག་གནས་དུས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེནགྱི་བྱང་བུ་དངརྨ་ཆུ་རྫོང་གེ་སར་རྟ་རྒྱུག་དུས་ཆེན་དང་ཀྲུང་ཧྭ་མི་རིགས་ཀྱི་རྟ་རྒྱུག་འགྲན་བསྡུར་ཆེན་མོའི་མ་ལགགི་ཁས་ལེན་བྱང་བུ་སྤྲད།

5b49dcb71c304485ab1b0cdb4d423727.jpg

སྤང་རྒྱན་མེ་ཏོག་སོགས་སྒྲ་སྙན་རྡུང་ལེན་གྱིས་ཕྱོགས་གཞན་གྱི་མགྲོན་པོར་རྡུང་ལེན་གྱི་ཕ་སའི་གཏམ་རྒྱུད་བཤད་བཞིན་ཡོད་ལ། གཞས་མ་གཡང་ཕྱུག་མཚོ་ཡིན་གཞོན་གྱི་སེམསཞེས་པ་དེས་ལྟད་མོ་བའི་སྤྲོ་སེམས་འཕེལ་བར་བྱས་ཤིང་། དགའ་འབོད་དང་ཐལ་མོ་རྡེབ་སྒྲ་ཟམ་མི་ཆད་པར་གྲགས། མཇུག་ཏུ་གཡུ་འབྲུག་ཚན་སྡེབ་ཀྱིས་འཁྲབ་སྟོན་བྱས་པའི་ཚེ་གང་གི་རྨ་ཆུཞེས་པའི་ཁྲོད་མཛད་སྒོ་མཇུག་སྒྲིལ།

འགོ་ཚུགས་མཛད་སྒོ་མཇུག་སྒྲིལ་རྗེས་སྨི2000ཀྱི་ཆེད་ལས་མྱུར་ཚད་འགྲན་བསྡུར་བྱས་པ་རེད། (འགྲན་བསྡུར་དེ་སྲོལ་རྒྱུན་རྣམ་གྲངས་དང་ཆེད་ལས་རྣམ་གྲངས་སུ་དབྱེ་ཡོད་པ་དང་། སྨི1000དང་སྨི2000། སྨི3000།  སྨི5000།  སྨི6000། སྨི10000བཅས་ཀྱི་འགྲན་བསྡུར་ལམ་ཐག་ཡོད།

bb16622bc07e48bca612d34f5c3348ea.jpg

a03da55f70fb4321b52aecfe699cde1f.jpg

ཤེས་རྟོགས་བྱུང་བར་གཞིགས་ན། རྨ་ཆུའི་གེ་སར་རྟ་རྒྱུག་འགྲན་ཚོགས་ནི་འགྲན་བསྡུར་དང་ལྟད་མོ། རོལ་རྩེད་བཅས་གཅིག་ཏུ་འདུས་པའི་སྲོལ་རྒྱུན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་ལ། རྟ་རྒྱུག་འགྲན་ཚོགས་ཀྱི་དུས་ཡུན་ཉིན་དྲུག་ཡིན་པ་དང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་རྟ་བ་ཚོས་རྟ་ཐོག་ནས་མི་རིགས་ཀྱི་སྙིང་སྟོབས་མངོན་པར་བྱས།

f7722cfb2f76452cb4888b471e12e20e.jpg

fedebf6161434037b6e0d70c6dafe832.jpg

99bc305222494371b7ad8f99666720ee.jpg

aebe8075c8e44862bbefe11618eb2826.jpg

c1653e3472504d5298894cd7c24e00ff.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།