ཀྲུང་གོ་བོད་ཀྱི་དྲ་བ།

བསང་ཆུ་རྫོང་གིས་ཧུར་ཐག་གིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྒྲིག་བཅོས་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གིས་རྫོང་གི་དོན་དངོས་གནས་ཚུལ་དང་བཀོད་སྒྲིག་གི་བླང་བྱ་ལྟར། རྫོང་ཡོངས་སུ་ཀུན་སྤྱོད་འཛུགས་སྐྲུན་ལོའི་བྱ་འགུལ་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཅིག་བསྡུས་སྒྲིག་བཅོས་བྱེད་པའི་བྱ་གཞག་ཁག་བཀོད་སྒྲིག་ནན་མོ་བྱས།

ཚད་མཐོན་པོའི་སྒོ་ནས་མཐོང་ཆེན་དང་འགན་འཁྲི་དོན་འཁྱོལ་བྱས་པ།  མི་སྣའི་སྟོབས་ཤུགས་སྡེབ་སྒྲིག་དང་བྱ་བའི་འབྲེལ་བ་མཐུན་སྦྱོར་བྱས་ཏེ། རྫོང་ཡོངས་སུ་ཀུན་སྤྱོད་འཛུགས་སྐྲུན་ལོའི་བྱ་འགུལ་སྟེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཅིག་བསྡུས་སྒྲིག་བཅོས་བྱེད་པའི་བྱ་གཞག་ཁག་གཏིང་ཟབ་ཏུ་སྤེལ་བར་རྨང་གཞི་བརྟན་པོ་བཏིང་།

འགན་སྲུང་དྲག་ཏུ་བཏང་བ་དང་སྟོབས་ཤུགས་ཆ་ཚང་བཟོ་བ།  ཞིང་ཆེན་དང་ཁུལ་དང་རྫོང་གི་བླང་བྱ་ལྟར། ཚོགས་འདུ་དང་ཡིག་ཆ་མང་དྲགས་པ་དང་། ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་མང་དྲགས་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། ཀུན་སྤྱོད་འཛུགས་སྐྲུན་ལོའི་བྱ་འགུལ་གྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཅིག་བསྡུས་སྒྲིག་བཅོས་བྱེད་པའི་བྱ་གཞག་སྤེལ་བར་རྨང་གཞི་བརྟན་པོ་བཏིང་།

ངོས་འཛིན་གཏིང་ཟབ་དང་བཀོད་སྒྲིག་དམ་ཚགས་བྱས་པ།  འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས1འཚོགས་ནས། འགོ་ཁྲིད་ཚན་ཆུང་དང་ཆེད་འགན་ཚན་ཆུང5ཡི་བྱ་བའི་འགན་འཁྲི་ཁ་གསལ་བྱས་ཤིང་། འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས2དང་འགོ་ཁྲིད་ཚན་ཆུང་གི་གཞུང་སྒྲུབ་ཁང་གི་གྲོས་ཚོགས་ཐེངས 3ཚོགས་ནས། ཀུན་སྤྱོད་འཛུགས་སྐྲུན་ལོའི་བྱ་འགུལ་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཅིག་བསྡུས་སྒྲིག་བཅོས་བྱེད་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བའི་བྱ་བ་བཀོད་སྒྲིག་བྱས།

བྱ་སྤྱོད་མགྱོགས་མྱུར་དང་བྱ་འགུལ་ཕྱོགས་ཡོངས་ནས་སྤེལ་བ།  རིམ་པ་སོ་སོ་དང་སྡེ་ཁག་སོ་སོའི་འགན་ཁུར་བ་དང་འབྲེལ་གཏུག་པ་གཏན་ཁེལ་བྱས་ཏེ། རྫོང་ཡོངས་སུ་ཀུན་སྤྱོད་འཛུགས་སྐྲུན་ལོའི་བྱ་འགུལ་གྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཅིག་བསྡུས་སྒྲིག་བཅོས་བྱེད་པའི་བྱ་གཞག་ལ་རྩད་གཅོད་མཁན་དང་འགན་ཁུར་མཁན་ཡོད་པར་ཁག་ཐེག་བྱས། དུས་ཐོག་ཏུ་བརྡ་ཁྱབ་པར་འགྲེམ་བྱས་ཏེ། ཕྱོགས་ཡོངས་ནས་ཀུན་སྤྱོད་འཛུགས་སྐྲུན་ལོའི་བྱ་འགུལ་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཅིག་བསྡུས་སྒྲིག་བཅོས་བྱེད་པའི་བྱ་འགུལ་སྤེལ་འགོ་བརྩམས། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།