མི་དམངས་དྲ་བའི་འཕྲིན། ཟླ7ཚེས30ཉིན། དར་གོས་ལམ་བུའི(ཏུན་ཧོང་)རྒྱལ་སྤྱིའི་རིག་གནས་དངོས་མང་སྟོན་ཚོགས་སྐབས་བཞི་པ་དང་ཏུན་ཧོང་དུ་བསྐྱོད་པ·དར་གོས་ལམ་བུའི་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་(བསྡུས་མིང་ལ་“སྟོན་ཚོགས་གཅིག་དང་དུས་ཆེན་གཅིག”ཟེར)ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོད་གྲོང་ཁྱེར་དུ་འགོ་ཚུགས་ལ། འགོ་ཚུགས་མཛད་སྒོའི་ཐོག་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད། ད་ལོ་ནི“སྟོན་ཚོགས་གཅིག”དང“དུས་ཆེན་གཅིག”མཉམ་འབྲེལ་ཐོག་གཉེར་ཐེངས་དང་པོ་ཡིན་པ་དང་། བརྗོད་དོན་གཙོ་བོ་ནི“རིག་གནས་ཡུལ་སྐོར་གྱིས་དར་གོས་ལམ་བུ་དར་རྒྱས་གཏོང་བ་དང་མཛེས་སྡུག་གིས་དབུལ་ཕོངས་རྣམ་པར་རྒྱལ་བ”ཞེས་པ་དེ་ཡིན་ཞིང་། བྱེད་སྒོ་སྤེལ་རིང་། “དཔྱད་གླེང་དང་། འགྲེམས་སྟོན། འཁྲབ་སྟོན། ཡུལ་སྐོར། ཉོ་ཚོང་། གསར་གཏོད”བཅས་ཀྱི་བྱེད་སྒོ་གཙོ་བོ་རིགས་དྲུག་ཁག་23སྤེལ་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
“སྟོན་ཚོགས་གཅིག་དང་དུས་ཆེན་གཅིག”གི་བྱེད་སྒོ་ཀན་སུའུ་ཀན་ལྷོར་སྤེལ་འགོ་ཚུགས་པ།