ཀྲུང་གོ་བོད་ཀྱི་དྲ་བ།

བསང་ཆུ་རྫོང་གིས་ཕྱོགས་ཡོངས་ནས་མི་སྡོད་ཁོར་ཡུག་ལེགས་བཅོས་བྱས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གིས“སྡེ་བ་སྟོང་གི་མཛེས་ལྗོངས”དཔེ་སྟོན་སྡེ་བའི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དང་། སྤྱི་བའི་ཞབས་ཞུ་སྟབས་བདེ། སྡེ་བའི་རྣམ་པ་མཛེས་པ། ཞིང་ཁའི་ཡུལ་ལྗོངས་མཛེས་པ། དམངས་ཕྱུག་ཐོན་ལས་འཕེལ་རྒྱས། སྡེ་བའི་ཡུལ་སྲོལ་དམངས་སྲོལ་ཞི་མཐུན་བཅས་ཀྱི་བླང་བྱ་གཞིར་བཟུང་ནས། སྐྱེར་མའི་ཐང་སྡེ་བ་གཙོར་བྱས་པའི་རོང་འབྲོག་སྡེ་བའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་། 

ཚན་རིག་དང་མཐུན་པའི་ཇུས་འགོད་དང་རྨང་གཞི་འཐུས་ཚང་དུ་བཏང་བ། བླ་བྲང་གྲོང་རྡལ་སྐྱེར་མ་ཐང་སྡེ་བའི་ས་བབ་ལེགས་ཆ་མངོན་གསལ་དོད་པས། སྲིད་གཞུང་གིས་ཁྲིད་སྟོན་དང་གོ་སྐབས་དམ་འཛིན་བྱས་པ་བརྒྱུད། ཡུལ་སྐོར་ཞབས་ཞུ་ལས་རིགས་གཙོ་བྱས་པའི་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་ཤིག་ཆགས་པ་རེད། 2014ལོ་ནས་བཟུང་རྫོང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་བརྒྱུད“མཛེས་སྡུག་ལྡན་པའི་གྲོང་གསེབ”འཛུགས་སྐྲུན་ཁྲོད། ལས་གཞི་སྣ་ཚོགས་ཀྱི་མ་དངུལ་སྡེབ་སྒྲིག་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གཞི་རྩའི་ཆ་རྐྱེན་ལེགས་སུ་བཏང་ཡོད། མིག་སྔར་མ་དངུལ་སྒོར་ཁྲི 1312སྡེབ་སྒྲིག་བྱས་ནས་སྡེ་བ་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་བསྒྱུར་བཀོད་ཐད་བཀོལ་བ་དང་། དེའི་ཁྲོད་དུ་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི 226.4བཏང་ཡོད། 

བབ་བཟང་ལ་བརྟེན་ནས་ཐོན་ལས་སྐྱེད་སྲིང་བྱས་པ། བླ་བྲང་གྲོང་རྡལ་གྱིས་སྐྱེར་མ་ཐང་རང་བྱུང་སྡེ་བ་ཞིང་ཁྱིམ་སྦྲོ་ར་སོགས་ཡུལ་སྐོར་ཞབས་ཞུ་ལས་རིགས་ལ་རོགས་སྐྱོར་དང་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་བཏང་བ་དང་། མང་ཚོགས་ཀྱི་བརྩོན་སེམས་ལ་སྐུལ་མ་བཏང་ནས། འདོད་བློ་དང་། མ་དངུལ། ལས་ཡུལ། ནུས་པ་བཅས་ལྡན་པའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཞིང་ཁྱིམ་སྤྲོ་ར་བསྒྲུབས། 

རྨང་གཞི་བརྟན་དུ་གཏོང་བ། དོ་དམ་དམངས་གཙོ་ཡིན་པ། ཞིང་སྡེ་གསར་བའི་འཛུགས་སྐྲུན་གྱི་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག ཡུལ་སྲོལ་ཡ་རབས། སྡེ་བ་བཀོད་ལེགས། དོ་དམ་དམངས་གཙོ་བཅས་ཀྱི“ཡིག་འབྲུ་ཉི་ཤུའི”བྱེད་ཕྱོགས་གཞིར་བཟུང་ནས། སྨི་གྲུ་བཞི་མ 200ཟིན་པའི་སྡེ་བ་རིམ་པའི་རིག་གནས་བྱ་འགུལ་ཁང་གསར་དུ་བསྐྲུན་ནས་སྨི་གྲུ་བཞི་མ 600ཟིན་པའི་ས་ཆར་མཁྲེགས་འགྱུར་བྱས། གཞི་རིམ་སྲིད་དབང་གི་མཁྲེགས་ཆས་རྨང་གཞི་བརྟན་དུ་བཏང་བ་དང་། “གྲོས་བཞི་དང་ཡོངས་བསྒྲགས་གཉིས་དང་ལྟ་སྐུལ་གཅིག”གི་གྲོས་མོལ་ལམ་ལུགས་ཁྱབ་གདལ་བཏང་ནས་སྡེ་བ་རིམ་པའི་འགལ་ཟླ་དང་རྩོད་གཞི་ཞིབ་བཤེར་དང་འདུམ་འགྲིག་བྱ་བའི་ཡུན་རིང་གི་ལམ་སྲོལ་གསར་གཏོད་བྱེད་པ་དང་གཞི་རིམ་སྲིད་དབང་གི་མཉེན་ཆས་དཔྱད་ཡིག་འཐུས་ཚང་དུ་བཏང་ནས་དུས་བདེ་དང་། ཞི་མཐུན། བརྟན་ལྷིང་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་གཏད་ཡོད། 

དྲིལ་བསྒྲགས་ཁྲིད་སྟོན། དམངས་སེམས་གོང་བུར་འགྲིལ་བ། སྐྱེར་མ་ཐང་སྡེ་བའི་རྨང་གཞིའི་སྒྲིག་བཀོད་ཀྱི་གྲུབ་ཆ་གཙོ་བོའི་འཛུགས་སྐྲུན་ལས་གཞི་ལེགས་གྲུབ་བྱུང་བ་དང་། བླ་བྲང་གྲོང་རྡལ་གྱིས་དྲིལ་བསྒྲགས་བྱང་བུ་བཟོས་པ་དང་ཡོངས་བསྒྲགས་བྱང་བུ་བཟོ་བ་སོགས་ཀྱི་རྣམ་པ་བརྒྱུད་ཞིབ་བསྡུར་གྱི་རྣམ་པའི་ཐོག་ནས་ཟུར་ཚད་མང་བ་དང་། ཕྱོགས་མང་བ། གཏིང་ཟབ་པ་བཅས་ཀྱི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་གྱི་དཔེ་སྟོན་སྡེ་བ་འཛུགས་པའི་དོན་སྙིང་གལ་ཆེན་དང་དངོས་ཡོད་ཀྱི་དགོས་མཁོ་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ཟབ་ཏུ་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་དཔེ་སྟོན་སྡེ་བ་འཛུགས་པའི་ནང་ཧུར་བརྩོན་སྒོས་ཞུགས་ནས། མུ་མཐུད་དུ་བྱ་བ་གསར་གཏོད་ཀྱི་མཉམ་ཤུགས་ཆེན་པོ་ཕྱོགས་གཅིག་ཏུ་སྒྲིལ་དགོས།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།