ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཁྲིན་ཧུའེ་ཡིས་བསང་ཆུ་དང་གཙོས། ལིན་ཐན་བཅས་སུ་རྟོག་ཞིབ་གནང་སྐབས་ཐོག་མའི་ཕུགས་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ཤིང་འགན་འཁྲི་འཁུར་ཤུགས་ཇེ་དྲག་ཏུ་གཏོང་བ་དང་ཞན་ཆ་གསབ་ནས་བྱ་བ་དོན་འཁྱོལ་ནན་མོ་བྱ་དགོས་ཞེས་བསྟན།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ”ཞེས་པ་བརྗོད་བྱ་གཙོ་བོའི་སློབ་གསོའི་བཀོད་སྒྲིག་ལྟར། ཉེ་ཆར། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་བསང་ཆུ་རྫོང་དང་། གཙོས་གྲོང་ཁྱེར། ལིན་ཐན་རྫོང་བཅས་སུ་རྟོག་ཞིབ་བྱེད་སྐབས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཤུགས་ཆེན་སྒོས་བྱ་བ་དོན་འཁྱོལ་དམ་འཛིན་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་མཐའ་མའི་གདོང་མཆོང་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་བྱེད་པ། “ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་གྲ་སྒྲིག་བྱ་བ་ཁག་སྤེལ་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་ལྷོ་གསར་བའི་འཛུགས་སྐྲུན་དང་། དམངས་ཕྱུག་ཁུལ་དར་གྱི་རྣམ་པ་གསར་བ་གཏོད་ཆེད་ལེགས་སྐྱེས་ཆེན་པོ་ཞིག་འབུལ་དགོས་ཞེས་ནན་གྱིས་བསྟན།

ཡུས་ཁྲིན་ཧུའེ་ཡིས་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་ཤུག་ལུང་ཉིན་པ་སྡེ་བའི་དབུལ་ཐར་མཁྲེགས་གཏོར་གྱི་མཐའ་མའི་གདོང་མཆོང་དང་། ཤང་སྡེའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས། སྡེ་བའི་ནང་གི་ཁོར་ཡུག་སྒྲིག་བཅོས་རིམ་སྤོར་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། སྡེ་མི་མང་ཚོགས་དང་གླེང་མོལ་བྱས་ལ་བསམ་འཆར་དང་གྲོས་གཞི་ཉན། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་འཚམ་འདྲི་བྱས་ཤིང་། ཁོས“ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ”ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱ་འགུལ་སྤེལ་བ་ནི་རྒྱ་ཆེའི་ཏང་ཡོན་གྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་རྩ་བའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ་དང་། དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མང་ཚོགས་ཀྱི་བྱ་བ་ཏན་ཏིག་ངང་བསྒྲུབ་པ་བཅས་བྱས་ནས་ཚང་མའི་འཚོ་བ་ཇེ་བཟང་དུ་འགྲོ་བར་ཁྲིད་སྟོན་བྱ་རྒྱུ་དེ་ཡིན་ལ། ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གྲོང་གསེབ་ཀྱི་ཡུལ་སྐོར་དང་ཁོར་ཡུག་གི་ལེགས་ཆ། དམངས་སྲོལ་ཁྱད་ཆོས་ལྡན་པའི་རིག་གནས་མངོན་པ་དང་། ཁྱད་ཆོས་ལྡན་པའི་ཡུལ་སྐོར་བོད་སྡེ་བསྐྲུན་པ། ཤུགས་ཆེན་སྒོས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་དབུལ་ཐར་མཁྲེགས་གཏོར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ། ཅོ་ནེ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཝུའུ་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཀྲན་ལིའང་གིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས། ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཞུང་དང་ཁུལ་དཔོན་གཞོན་པ་ཝང་ཅན་ཅུན་རྟོག་ཞིབ་བྱ་འགུལ་ཁ་ཤས་ལ་ཞུགས།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།