ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུ་རྫོང་གིས་ནག་སེལ་གཤེད་བཅོམ་གྱི“སྲུང་གདུགས་གཏོར་བའི”བྱ་བ་གཏིང་ཟབ་ཏུ་སྤེལ་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་སྒྲིག་ཨུའི་ལྟ་ཞིབ་ཨུས་ནག་སེལ་གཤེད་བཅོམ་གྱི“སྲུང་གདུགས་གཏོར་བའི”བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་ནས། བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

རྨ་ཆུ་རྫོང་གིས་རྫོང་སྒྲིག་ཨུའི་ཧྲུའུ་ཅི་ཡིས་ཚན་གཙོ་ཡི་འགན་ཁུར་བའི་་བྱ་བའི་ཚན་ཆུང་གྲུབ་ནས། སྔ་གཞུག་ཏུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ཐེངས9སྤེལ་ནས། ནག་སེལ་གཤེད་བཅོམ་གྱི་བྱ་བའི་ཁྲོད་ཀྱི་སྙིང་སྟོབས་མི་འདང་བ་དང་ཉི་མ་སྐྱེལ་ཐབས་བྱེད་པ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་པ་དང་། རྨ་ཆུ་རྫོང་བརྙན་འཕྲིན་ཁང་དང“རྨ་ཆུའི་སྲོལ་ངན་གཙང་སེལ་བྱེད་པའི”ཕྲན་འཕྲིན་སྟེགས་བུ། སྲིད་གཙང་འཕྲིན་ཐུང་སོགས་སྟེགས་བུ་བེད་སྤྱད་དེ་རྫོང་སྒྲིག་ཨུའི་ལྟ་ཞིབ་ཨུའི་ནག་སེལ་གཤེད་བཅོམ་གྱི་ཡིག་སྐུར་ངོ་གཏུག་ཐེར་འདོན་བདག་སྤྲོད་བྱེད་སྟངས་དང་ངོ་བཅར་ཡོང་བའི་ས་གནས་སོགས་ཁྱབ་བསྒྲགས་བྱས་ཤིང་། ནག་སེལ་གཤེད་བཅོམ་བྱ་བའི་བོད་རྒྱ་སྐད་གཉིས་ཀྱི་གྲོས་འདོན་ཡི་གེ་དང་སྤྱི་བསྒྲགས་ཚར200ལྷག་བཟོས་པ་མ་ཟད། 《ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་པས་ནག་ཚོགས་སྤྱོད་ངན་དང་འབྲེལ་བ་འཛུགས་པའམ་ནག་ཚོགས་ཀྱི“སྲུང་གདུགས”བྱེད་པའི་གནད་དོན་ཐེར་འདོན་བྱེད་པའི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱེད་པ》དང 《རྫོང་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད“སྲུང་གདུགས་གཏོར་བའི”བྱ་བའི་སྙན་ཞུ》སོགས་དྲིལ་བསྒྲགས་ཡིག་ཆ་ཚར2000པར་འགྲེམ་བྱས་ཤིང་། དྲིལ་བསྒྲགས་སྤྱི་བསྒྲགས་དང་རྒྱ་ཁྱབ་བརྡ་སྦྱོར120སྦྱར་བ་དང་། འཕྲེད་འགེལ་སྦྱར་ཡིག3བཀལ། རྫོང་སྒྲིག་ཨུའི་ལྟ་ཞིབ་ཨུས་ད་དུང་ཚན་ཁག་སོ་སོ་དང་ཤང་གྲོང་གི་སྒྲིག་ཨུའི་བར་དང་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བྱ་བའི་ཁས་ལེན་ཡི་གེ་བཞག་ཅིང་། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་སྒེར་གྱི་ཁས་ལེན་སྒྲོག་ཙེའི་བྱང་བུ་བཟོས་ནས། ནག་སེལ་གཤེད་བཅོམ་གྱི་འབྲེལ་ཡོད་སྲིད་ཇུས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས།

མིག་སྔར་ཐུག་བར་དུ། རྨ་ཆུ་རྫོང་སྒྲིག་ཨུའི་ལྟ་ཞིབ་ཨུས་བསྡོམས་པས་ནག་སེལ་གཤེད་བཅོམ་དང་འབྲེལ་བའི་གནད་དོན་ཁུངས་སྣེ3བདག་སྤྲོད་བྱས་ཡོད་པ་དང་། གྱོད་དོན2གྱོད་ཐོར་བཀོད་ནས་ཞིབ་བཤེར་ཐག་གཅོད་བྱས་པ་དང་། གྱོད་དོན2གྱོད་ཐག་ཆོད་པ། མི1ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།