ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུའི་རི་གྲོང་ལྟ་ན་སྡུག་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་བོད་ས་མཐོ་དང་། ས་སེར་མཐོ་སྒང་། སི་ཁྲོན་གཤོང་ས་བཅས་ཀྱི་འབྲེལ་མདོ། སི་ཁྲོན་དང་། ཀན་སུའུ། ཧྲའན་ཤིས་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པའི་འབྲུག་ཆུ་ནི་བོད་རྒྱ་རིག་གནས་འདྲེས་ཁུལ་དང་འབྲི་ཆུའི་ཆུ་འགོ་གསོ་འཁྱོངས་ཁུལ་ཡིན་ཞིང་། ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཡུལ་ལྗོངས་མཛེས་པས“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”དང“དབྱང་ཀྲོའུ་དབྱེར་མེད”ཅེས་འབོད་ཀྱི་ཡོད།

ཡུལ་དེའི་གྲོག་རོང་གི་ས་བབ་དབང་གིས་འགོ་གཙང་གྲོང་ཚོའི་དེ་སྔའི་གྲོང་ལམ་ཧ་ཅང་གུ་དོག་པས་མི་གཅིག་ལས་འགྲོ་ཐུབ་ཀྱི་མེད་པས་ས་ཆ་དེ་གའི་མིས“ཁྲེ་ཙེ་གསུམ་གྱི་སྲང་ལམ”ཞེས་བརྗོད་ཀྱི་ཡོད། རྟག་ཏུ་ཞིང་བྲེལ་གྱི་དུས་ཚིགས་འཆར་སྐབས་ལམ་དེ་སྔར་ལས་གུ་དོག་པོར་གྱུར་གྱི་ཡོད།

2016ལོར་ས་གནས་དེ་གའི་སྲིད་གཞུང་གི་གྲོས་འགོའི་འོག་གྲོང་མི་ཚོའི་དབར་ཐུན་མོང་གི་ངོས་འཛིན་གྲུབ་སྟེ་དེ་སྔའི“ཁྲེ་ཙེ་གསུམ་གྱི་སྲང་ལམ”དེ་ཆེ་རུ་ལྡབ་གཅིག་བཏང་བ་དང་གྲོང་ཚོར་ད་དུང“གཞུང་གསུམ་འཕྲེད་གསུམ”གྱི་མ་ལམ་བསྐྲུན་པས་ཁྱིམ་ཚང་ཚང་མའི་སྒོ་རར་རླངས་འཁོར་ཤར་བགྲོད་ཐུབ་ཀྱི་ཡོད།

འགོ་གཙང་གྲོང་ཚོའི་གྲོང་ཚོ་འགན་གཙང་ལེན་མཁན་ལས་བྱེད་པས་ངོ་སྤྲོད་བྱས་དོན། འབྲུག་ཆུ་རྫོང་གིས་གྲོང་མིའི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་ཆེད་ད་དུང་དཔལ་འབྱོར་ནགས་ཚལ་དང་ཤིང་ཏོག་ལས་རིགས་དང་། འདེབས་གསོའི་ལས་རིགས། གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས། སྒོ་རའི་དཔལ་འབྱོར་བཅས་ཀྱིས་གཙོས་དམངས་ཕྱུག་འབབ་འཕར་ཐོན་ལས་བཏོད་དེ་དམངས་ཚོགས་ལ་མུའུ200ལྷག་ཙམ་ཡོད་པའི་སྟར་སྡོང་སྤུས་ལེགས8800ལྷག་ཙམ་འདེབས་པར་ཁྲིད་སྟོན་བྱས་པ་དང་། ཐོན་སྐྱེད་བྱས་པའི་སྟར་ཀ་འབྲུག་ཆུའི་སྟར་ཀའི་མཚོན་བྱེད་དུ་བྱས་པས་རྒྱལ་ནང་ཞིང་ཞོར་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཐོ་འགོད་ཀྱི་དཔང་རྟགས་ཁས་ལེན་ཐོབ་ནས་སྲུང་སྐྱོང་བྱས་པ་རེད།

“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་གསེབ”ཅེས་སུ་གྲགས་པའི་ཏ་ཁྲོན་གྲོང་རྡལ་ཐོའུ་ཆའོ་ཙི་གྲོང་ཚོའི་གྲོང་མིས་ཁང་པའི་རྒྱབ་མདུན་དུ་རྒུན་འབྲུམ་བཏབ་ཡོད་པས། “རྒུན་འབྲུམ་གྲོང་ཚོ”ཞེས་སྐད་གྲགས་ཆོད་པ་དང་། གཞན་ཡང་གྲོང་ཚོ་དེས་ད་དུང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བས་ཏུན་རེར་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར6500ཡོང་གི་ཡོད་པ་དང་། མིག་སྔར་ཞིང་པའི་སྤྲོ་སྐྱིད་ཁང་གིས་གཙོས་པའི་སྣོད་བཅུད་ཡུལ་སྐོར་གྲོང་ཚོར་རིམ་པ་སྤར་བ་རེད།

ཉེ་བའི་ལོ་ཤས་རིང་། འབྲུག་ཆུ་རྫོང་གིས“གྲོང་ཚོ་རེར་ཡུལ་ལྗོངས་རེ”དང“ཁྱིམ་ཚང་རེར་ཁྱད་ལྡན་རེའི”བསམ་ཕྱོགས་གཞིར་བཟུང་། གྲོང་ཚོ་ཁག་དང་ཚོགས་ཆུང་ཁག་གི་རང་བྱུང་མཛེས་ལྗོངས་དང་། དམངས་སྲོལ་གོམས་འདྲིས་ཀྱི་མི་རིགས་རིག་གནས་སོགས་ཡུལ་དེའི་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་རང་རྒྱལ་གྱི་གནའ་བོའི་རིག་གནས་དང་། རི་ཆུའི་རིག་གནས། གསར་བརྗེའི་རིག་གནས་བཅས་མཚོན་བྱེད་དུ་བྱས་པའི་ཁྱད་ལྡན་ཡུལ་སྐོར་གྲོང་ཚོ་ཞིབ་ཚགས་ངང་བཏོད་པ་དང་། ཡུལ་སྐོར་དབུལ་སྐྱོར་ཚོད་ལྟའི་གྲོང་ཚོ་3དང་ཡུལ་སྐོར་རིག་གནས་ཀྱི་ཆེད་ལས་གྲོང་ཚོ18བསྐྲུན་པ་དང་ཐོའུ་ཆའོ་ཙི་གྲོང་ཚོ་དང་། འགོ་གཙང་གྲོང་ཚོ། ཀླུ་རི་གྲོང་ཚོ་སོགས་ཡུལ་སྐོར་ཆེད་ལས་གྲོང་ཚོ་ཁག་གཅིག་གྲོང་གསེབ་ཡུལ་སྐོར་གྱི་དཔེ་སྟོན་དུ་གྱུར་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།