ཀྲུང་གོ་བོད་ཀྱི་དྲ་བ།

ཀླུ་ཆུ་རྫོང་གིས་ཤུགས་འདོན་པ་གསུམ་ལ་བརྟེན་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དུས་གཏན་གཙོ་གནད་དུ་བཟུང་བ་དང་། “ཤུགས་འདོན་པ་གསུམ”རྒྱུན་འཁྱོངས་བྱས་ནས་རྫོང་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་བྱ་བར་སྐུལ་འདེད་བཏང་།

ནག་འཇོམས་ངན་སེལ་གྱི་རྣམ་པ་གསར་བ་བསྐྲུན་པར་ཤུགས་བསྣན་ནས་བརྗོད་དོན་སྣ་མང་གི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ། ཟླ5བར་རྫོང་ཡོངས་ཀྱི་ཏང་ཀྲི་པུའུ155ཡིས་གཅིག་བསྡུས་ཀྱིས་ནག་འཇོམས་ངན་སེལ་གྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས། ཏང་ཡོན་གྱིས་མིག་དཔེ་ལེགས་པོ་སྟོན་པ་ཞེས་པའི་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་བ་དང་། 《ཀླུ་ཆུ་རྫོང་གི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དེ་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་སྤྲིངས་པའི་འཕྲིན》དང《ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་རྒྱུན་ཤེས་དེབ་ཆུང》སོགས་དྲིལ་བསྒྲགས་ཡིག་ཆ་དེབ4000ལྷག་འགྲེམ་གཏོང་བྱས་ནས་ཏང་ཡོན་མང་ཚོགས5000ལྷག་གི་ལག་ཏུ་འབྱོར་བར་བྱས་ཤིང་། ནག་འཇོམས་ངན་སེལ་གྱི་ཤེས་བྱ་མི་ཚང་མར་ཤེས་སུ་བཅུག་པ་དང་མི་རེ་རེ་ནང་དུ་ཞུགས་པའི་རྣམ་པ་གསར་བ་བསྐྲུན།

སྡེ་བའི་ལས་བྱེད་པའི་དཔུང་སྡེའི་སྒྲིག་གཞི་ཇེ་ལེགས་སུ་གཏོང་བར་ཤུགས་བསྣན་ནས་སྡེ་བའི“ཨུ་གཉིས”ཀྱི་ཁོངས་མིའི་ལས་འགན་ཁུར་བའི་ཐོབ་ཐང་མཉམ་བཤེར་བྱས་པ། 《ཀླུ་ཆུ་རྫོང་གི་སྡེ་བའི(སྡོད་ཁུལ)“ཨུ་གཉིས”ཀྱི་ལས་བྱེད་པའི་མཉམ་བཤེར་ལམ་ལུགས》གཏན་འབེབས་བྱས་ཤིང་། སྡེ་བའི་ལས་བྱེད་པའི་ཆ་འཕྲིན་སྔར་ལས་ལྷག་པར་འཐུས་ཚང་དུ་གཏོང་རྒྱུ་རྨང་གཞི་བྱས་ཏེ། ཕྱོགས་ཡོངས་ནས་སྡེ་བ་ཚོ་བའི་ལས་བྱེད་ཁོངས་མིའི་སྒྲིག་གཞི་ལ་དབྱེ་ཞིབ་བྱས། རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡིས་རྫོང་དམངས་སྲིད་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཁང་།  སྤྱི་བདེ་ཞིབ་དཔྱོད་ཁྲིམས་ཁང་།  ཡིག་སྐུར་ངོ་གཏུག་ཅུའུ་སོགས་ཀྱི་སྡེ་ཁག་དང་མཉམ་དུ་མཉམ་འབྲེལ་གྲོས་ཚོགས་བསྡུས་ཏེ། རྫོང་ཡོངས་ཀྱི་སྡེ་བ215ཡི“ཨུ་གཉིས”ཀྱི་ཁོངས་མིར་རྫོང་རིམ་པའི་ཐོབ་ཐང་མཉམ་བཤེར་བྱས།

གཞི་རིམ་གྱི་འཐབ་རྩོད་མཁར་རྫོང་ཤུགས་ཆེན་གྱིས་བསྐྲུན་ནས་ཏང་གི་རྩ་འཛུགས་ལེགས་སྒྲིག་བྱེད་པར་ནན་གྱིས་སྐུལ་བ། ཏང་ཀྲི་པུའུ་ཡི་འཛུགས་སྐྲུན་ཚད་ལྡན་ཅན་དུ་བསྒྱུར་རྒྱུ་དེ་དམ་འཛིན་བྱ་ཡུལ་དུ་བཟུང་ནས།  ལས་ཁུངས་ཀྱི་ཏང་རྩ་འཛུགས་དང་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི་ཏང་རྩ་འཛུགས་ཆ་སྒྲིག་མཉམ་སྐྲུན་གྱི་བྱ་འགུལ་སྤེལ་ཞིང་།  དུས་བཅད་ལྟར་བྱ་བའི་གྲོས་ཚོགས་ཚོགས་པ་དང་།  དག་ཐེར་བྱེད་ཐབས་མུ་མཐུད་དུ་ཇེ་ལེགས་སུ་བཏང་ནས།  ཏང་རྩ་འཛུགས་ཀྱི་འཐབ་འཛིང་ནུས་ཤུགས་དང་གོང་བུར་འགྲིལ་ཤུགས་ཇེ་ཆེར་བཏང་།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།