ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི(རྒྱ་སྐྱེད)གྲོས་ཚོགས་ཐེངས་བཅུ་བ་བསྡུས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།  ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི(རྒྱ་སྐྱེད)གྲོས་ཚོགས་ཐེངས་བཅུ་བ་བསྡུས། གྲོས་ཚོགས་ཀྱིས་ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་སློབ་སྟོན་ཚན་ཆུང19བས་ཀན་སུའུ་ཞིང་ཆེན་གྱི་བྱ་བར་ཐེངས་དང་བོར་འབྲེལ་མཐུད་བྱེད་པའི་ལྟ་སྐུལ་སློབ་སྟོན་གྲོས་ཚོགས་དང་ཕྱིར་ལྡོག་སྒྲིག་བཅོས་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན། དེ་མིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིན་ཏུའོ་ཡི་བཀའ་མཆན་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་སློབ་སྟོན་གྱིས་ཕྱིར་ལྡོག་བྱས་པའི་གནད་དོན་སྒྲིག་བཅོས་དང་དུས་རིམ་རྗེས་མའི་བྱ་བ་བཀོད་སྒྲིག་བྱས།

ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཁུལ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲའོ་ལིན་ཡུན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་མ་ཟད་གཏམ་བཤད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་དབྱང་ཅུན། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ལི་ཞའོ་ཉིང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་མ་ལུང་ཆོན་བཅས་གྲོས་ཚོགས་སུ་ཞུགས།

ཀྲའོ་ལིན་ཡུན་གྱིས་འགན་འཁྲི་བརྒྱུད་འདྲེན་བྱེད་པར་ཤུགས་བསྣན་ནས། ཀྲུང་དབྱང་ལྟ་སྐུལ་སློབ་སྟོན་ཚན་ཆུང་གིས་ཕྱིར་ལྡོག་བྱས་པའི་གནད་དོན་ཚང་མ་དག་ཐེར་དོན་འཁྱོལ་ཐུབ་པར་འགན་ལེན་བྱ་དགོས་ལ། བྱ་བའི་བྱེད་ཐབས་ཇེ་དྲག་ཏུ་བཏང་ནས། ནག་ཚོགས་ཀྱི་སྟོབས་ཤུགས་ལ་འཐབ་རྩོད་བྱེད་ཤུགས་མུ་མཐུད་ཇེ་ཆེར་གཏོང་དགོས། རྫོང་སོ་སོ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་མ་མཐའི་མཚམས་ཐིག་གི་བསམ་བློ་འཛུགས་པ་དང་། དག་ཐེར་གྱི་ལས་འགན་ཁ་གསལ་བཟོ་བ། འགན་འཁྲིའི་གསལ་ཐོ་དང་ཞིབ་བསྡུར་ནན་ཏན་བྱེད་པ། མངག་བཀོད་བྱས་པའི་གནད་དོན་ལ་རེ་རེ་བཞིན་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པ། དག་ཐེར་གྱི་ཇུས་གཞི་བཟོ་བ་བཅས་བྱས་ནས་དག་ཐེར་དོན་འཁྱོལ་བྱེད་པར་ནན་འཛིན་བྱ་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་བརྙན་འཕྲིན་གྱི་རྣམ་པའི་ཐོག་ནས་རྫོང་རིམ་པའི་བར་དུ་ཚོགས་ཤིང་། ཁུལ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་སྡེ་ཚན་གྱི་འགོ་ཁྲིད་པ་གཙོ་བོ་དང་ལས་བགོས་དོན་གཉེར་འགོ་ཁྲིད་པ། ཁུལ་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་དང་དེ་མིན་ལས་བྱེད་མི་སྣ་ཡོངས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས། རྫོང་སོ་སོ་དང་གྲོང་ཁྱེར་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་དང་ཚན་གཙོ་གཞོན་པ། དེ་མིན་ཁོངས་མིའི་སྡེ་ཚན་གྱི་འགོ་ཁྲིད་པ་གཙོ་བོ་དང་ལས་བགོས་དོན་གཉེར་འགོ་ཁྲིད་པ། ཤང་དང་གྲོང་རྡལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་ཤང(གྲོང་རྡལ)ཀྲང་བཅས་རྫོང་སོ་སོ་དང་གྲོང་ཁྱེར་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།