ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་སློབ་སྟོན་ཚན་ཆུང19བས་ཀན་སུའུ་ཞིང་ཆེན་གྱི་བྱ་བར་ལྟ་སྐུལ་སློབ་སྟོན་བྱེད་པའི་སྐུལ་སློང་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནག་སེལ་གཤེད་བཅོམ་སྐོར་གྱི་ཆེད་དོན་འཐབ་རྩོད་ཀྱི་ཐབས་ཇུས་བཀོད་སྒྲིག་གི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཀྲུང་དབྱང་གི་ནག་སེལ་གཤེད་བཅོམ་ལྟ་སྐུལ་སློབ་སྟོན་ཚན་ཆུང19བས་ཟླ5ཚེས29ཉིན་ལ། ཀན་སུའུ་ཞིང་ཆེན་དུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་ལྟ་སྐུལ་སློབ་སྟོན་བྱ་འགུལ་སྤེལ། ཚེས30ཉིན་གྱི་སྔ་དྲོར།  ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་སློབ་སྟོན་ཚན་ཆུང19བས་ཀན་སུའུ་ཞིང་ཆེན་གྱི་བྱ་བར་ལྟ་སྐུལ་སློབ་སྟོན་བྱེད་པའི་སྐུལ་སློང་ཚོགས་འདུ་ལན་ཀྲོའུ་རུ་བསྡུས་ཤིང་། ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་སློབ་སྟོན་ཚན་ཆུང19བའི་ཚན་གཙོ་ཆའོ་ཁྲོན་ཞིའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དང་ལྟ་སྐུལ་སློབ་སྟོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་ལྟ་སྐུལ་སློབ་སྟོན་གྱི་གཙོ་གནད་ལས་འགན། སྤྱི་ཡོངས་ཀྱི་བཀོད་སྒྲིག་དང་འབྲེལ་ཡོད་བླང་བྱ་བརྡ་ཁྱབ་བཏང་། ཚན་གཙོ་གཞོན་པ་ཁྲིན་ཀྲི་རྨིན་གྱིས་ཀན་སུའུ་ཞིང་ཆེན་གྱིས་ལྟ་སྐུལ་སློབ་སྟོན་བྱ་བ་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱ་རྒྱུའི་ཐད་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིན་ཏའོ་ཡིས་སྐུལ་སློང་གཏམ་བཤད་གནང་བ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཐང་རིན་ཅན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།

ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་སློབ་སྟོན་ཚན་ཆུང19བའི་ཚན་གཙོ་ཆའོ་ཁྲིན་ཞིའུ་ཡིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། དུས་ཡུན་ལོ་གསུམ་གྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དེ་དུས་རིམ་བར་མར་སླེབས་ཡོད་ལ། དཔའ་ངར་ཆེར་བསྐྱེད་ཀྱིས་དུས་ཡུན་ལོ་གསུམ་གྱི་དམིགས་ཡུལ་ལ་དམ་པོར་དམིགས་ཏེ “འགན་འཁྲི་ལྔ”འབུར་ཐོན་དང་། མུ་མཐུད་དུ་ནུས་ཤུགས་གང་ཡོད་བཏོན་ནས་ཆེད་དོན་འཐབ་རྩོད་ལ་ཕན་འབྲས་གསར་བ་འཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ལིན་ཏའོ་ཡིས་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་སྐོར་གྱི་གལ་ཆེའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་། ཏན་ཏིག་སྒོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་སྟེང་དུ་གཅིག་གྱུར་བྱ་དགོས། ནུས་ཤུགས་ཡོད་རྒུས་ཀྲུང་དབྱང་ལྟ་སྐུལ་སློབ་སྟོན་ཚན་ཆུང་གིས་བྱ་བ་སྤེལ་བར་གཞོགས་འདེགས་དང་འགན་ལེན་བྱེད་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ལྟ་སྐུལ་སློབ་སྟོན་བྱ་བར་སྐུལ་འདེད་གཏོང་བ་དང་། ཕན་འབྲས་དངོས་ཐོན་པ་ཁག་ཐེག་བྱ་དགོས། ཐེངས་འདིའི་ལྟ་སྐུལ་སློབ་སྟོན་གོ་སྐབས་སུ་བཟུང་སྟེ། ནན་ཏན་སྒོས་ལྟ་སྐུལ་སློབ་སྟོན་གྱི་ཕྱིར་ལྡོག་གནད་དོན་དག་ཐེར་དོན་འཁྱོལ་བྱེད་པ་དམ་འཛིན་བྱེད་པ་དང་། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་སྟེ། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་སུའུ་གསར་བ་འཛུགས་སྐྲུན་བྱེད་པ་དང་། རྒྱུན་ཆད་མེད་པར་དམངས་ཕྱུག་གི་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་བདེ་འཇགས་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས་ཞེས་བསྟན།

ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་སློབ་སྟོན་ཚན་ཆུང19བའི་ཁོངས་མི་ཡོངས་དང་ཀན་སུའུ་ཞིང་ཆེན་ཏང་སྲིད་སྡེ་ཚན་གྱི་འབྲེལ་ཡོད་ཁོངས་མི་གྲོས་ཚོགས་སུ་ཞུགས་ཤིང་། ཞིང་ཆེན་དམངས་ཆེན་དང་སྲིད་གྲོས་ཀྱི་འགན་ཁུར་མི་སྣ་གཙོ་བོ། ལན་ཀྲོའུ་གྲོང་ཁྱེར་ཏང་སྲིད་ཀྱི་འགན་ཁུར་བློ་མཐུན། གྲོང་ཁྱེར་གཞན་པ་དང(ཁུལ) རྫོང་སོ་སོའི(གྲོང་ཁྱེར་དང་ས་ཁུལ)ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་མི་སྣ་གྲོས་ཚོགས་སུ་ཟུར་ཞུགས་བྱས།།

                                                                                                                   

རྩོམ་སྒྲིག་པ། : ཀླུ་མོ་མཚོ།