ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་ནེ་རྫོང་སྤྱི་བདེ་ཅུའུ་ཡིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་དྲིལ་བསྒྲགས་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་ཨུའི་སྲིད་ཁྲིམས་ཨུ་དང་དྲིལ་བསྒྲགས་པུའུ། སྤྱི་བདེ་ཅུས། ཁྲིམས་ཁང་། ཞིབ་དཔྱོད་ཁང་། རྒྱལ་ཁོངས་ཐོན་ཁུངས་ཅུས་དང་ཁྲིམས་འཛིན་ཅུས་སོགས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་སྡེ་ཚན་གྱིས། མཉམ་འབྲེལ་སྒོས་ནག་སེལ་གཤེད་བཅོམ་གྱི་དྲིལ་བསྒྲགས་བྱ་འགུལ་སྤེལ།

ཐེངས་འདིའི་བྱ་འགུལ་གྱིས་འཕྲེད་ཡིག་འགེལ་བ་དང་དྲིལ་བསྒྲགས་འགྲེམ་པང་འཇོག་པ། ཡུལ་དངོས་ནས་དྲིས་ལན་འདེབས་པ། དྲིལ་བསྒྲགས་ཡིག་རིགས་དང་ལག་ཁུག་འགྲེམ་གཏོང་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ཤིང་། མི་དམངས་ཉེན་རྟོག་པས་མང་ཚོགས་ལ་ནག་ཚོགས་སྟོབས་ཤུགས་ཀྱི་རིགས་དང་རྡུང་རྡེག་གཏོང་ཡུལ་གཙོ་བོ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་དམིགས་འབེན་དང་དོན་སྙིང་དང་། ནག་གཤེད་དང་འབྲེལ་བའི་ཁུངས་སྣེ་ཐེར་འདོན་བྱ་ཐབས་ཁྱབ་གདལ་བཏང་བ་དང་། མང་ཚོགས་ལ་ནག་སེལ་གཤེད་བཅོམ་ཐད་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཤེས་བྱ་འགྲེལ་བཤད་བྱས་པ་མ་ཟད། མཉམ་འགུལ་བརྗོད་གཞིའི་ཁྲོད་ནས་ཚང་མས་དོགས་སྣང་སེལ་ནས། མང་ཚོགས་ཀྱིས་ནག་སེལ་གཤེད་བཅོམ་ལ་ཤེས་རྟོགས་བྱེད་ཚད་སྔར་ལས་ལྷག་པར་མཐོར་འདེགས་བཏང་།

དྲིལ་བསྒྲགས་ཀྱི་ཁྲོད་དུ། དྲིལ་བསྒྲགས་སྦྱར་ཡིག2བཟོས་ཤིང་། དྲིལ་བསྒྲགས་ཡིག་རིགས་ཚར3000དང་ནག་སེལ་གཤེད་བཅོམ་གྱི་སྦྱར་ཡིག་པར་འདེབས་བྱས་པའི་ལག་ཁུག800འགྲེམ་གཏོང་བྱས་པ་དང་། མང་ཚོགས་ཀྱི་བློ་འདྲི་བྱེད་ཐེངས90ལྷག་ལ་དྲིས་ལན་བཏབ་པས། མང་ཚོགས་ཀྱིས་ནག་སེལ་གཤེད་བཅོམ་ལ་ཤེས་རྟོགས་བྱུང་ཚད་སྔར་ལས་ལྷག་པར་དུ་ཇེ་མཐོར་སོང་བ་མ་ཟད། དེའི་ཆེད་དོན་འཐབ་རྩོད་ཀྱི་ཁྲོད་དུ་ཞུགས་ནས། ནག་སེལ་གཤེད་བཅོམ་ལ་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།