ཀྲུང་གོ་བོད་ཀྱི་དྲ་བ།

མདོ་ལའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་དག་ཐེར་ཐུབ་ཚད96.5%ཟིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཀན་སུའུ་ཞིང་ཆེན་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀན་སུའུ་ཞིང་ཆེན་གྱིས་མདོ་ལའི་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་གི་གནད་དོན་བཅོས་སྒྲིག་དམ་ནན་བྱས་ཤིང་། གནད་དོན346ལས334དག་ཐེར་བྱས་ཚར་ནས་དག་ཐེར་ཐུབ་ཚད96.5%ཟིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མདོ་ལའི་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་གི་གནད་དོན་ལ་དམིགས་ནས། ཀན་སུའུ་ཞིང་ཆེན་གྱིས“བཀག་སྡོམ་ཉར་ཚགས་རྣམ་པའི”སྲུང་སྐྱོང་བྱས་ཏེ། སྲུང་སྐྱོང་ཁུལ་གྱི་གཏེར་འཚོལ་གཏེར་འདོན་དང་། ཆུ་གློག་གསར་སྤེལ། ཡུལ་སྐོར་རྣམ་གྲངས། སྐྱེ་ཁམས་གནས་སྤོ། སྐྱེ་ཁམས་སླར་གསོ་སོགས་ལ་དག་ཐེར་ཤུགས་ཆེན་བྱས་ནས་ཚད་ལྡན་དུ་བཏང་ཡོད་པ་རེད། དག་ཐེར་བྱས་པ་ཕུད། ཀན་སུའུ་ཞིང་ཆེན་གྱིས་ད་དུང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་མཚོ་སྔོན་ཞིང་ཆེན་དང་མཉམ་དུ་མདོ་ལའི་རྒྱལ་ཁབ་སྤྱི་གླིང་བཙུགས་པའི་ཁར་མདོ་ལའི་ནགས་ཁུལ་ཁྲིམས་ཁང་དང་དེ་བཞིན་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོང་གི་སྐོར་ཞིབ་འདྲི་གཅོད་ཁྲིམས་ས་ཡང་བཙུགས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྒྱུན་འགོག་རྒྱུན་བཅོས་ལ་སྐུལ་འདེད་བཏང་བ་རེད།

ཀན་སུའུ་ཞིང་ཆེན་ནི་རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། ཐེང་ཀེ་ལི་དང་པཱ་ཏན་ཅི་ལིན་བྱེ་ཐང་ཆེན་པོ་གཉིས་འདྲེས་པ་དང་། བྱེ་ཐང་གིས་རྨ་ནུབ་དོག་ལམ་གཅོད་པ། བྱེ་ཐང་ལྷོ་རུ་མཆེད་ནས་མཚོ་བོད་ས་མཐོར་གནོད་པ་བཟོ་བ་བཅས་འགོག་རྒྱུའི་ཐད་ནུས་པ་གལ་ཆེན་ལྡན་ཡོད།

2017ལོར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཀན་སུའུ་མདོ་ལའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐད་བརྡ་ཁྱབ་བཏང་ནས། མདོ་ལའི་སྲུང་སྐྱོང་ཁུལ་དུ་ཁྲིམས་འགལ་སྒྲིག་འགལ་གྱི་གཏེར་ཁ་སྔོག་འདོན་དང་ཆུ་གློག་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནད་དོན་ལྷག་འདུག་ཅེས་ཐད་ཀར་བཏོན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།