ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས།

ཚོགས་འདུའི་ཐོག  ཀན་ལྷོ་ཁུལ་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན། ཁུལ་ཨུའི་རྩ་འཛུགས་པུའུ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ཆེད་དོན་འཐབ་རྩོད་སྤེལ་ཚུལ་ངོ་སྤྲོད་བྱས་པ་མ་ཟད་གསར་འགོད་པའི་འབྲེལ་ཡོད་དྲི་བར་ལན་བཏབ།

ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར་ཀན་ལྷོ་ཁུལ་གྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་ནས་གྲུབ་འབྲས་ངེས་ཅན་ཐོབ། ཟླ4བའི་ཟླ་མཇུག་བར་ཁུལ་ཡོངས་ཀྱིས་ནག་ཚོགས་དང་འབྲེལ་བའི་གནད་དོན་གྱི་ཁུངས་སྣེ293བདག་སྤྲོད་དང་མཐིལ་རྟོགས་བྱས་པ་དང་། ངན་པ་དང་འབྲེལ་བ་ཡོད་པ་དང“སྡེ་བའི་བཙན་བདག”གི་གྱོད་གཞི10མྱུལ་ཞིབ་བྱས། ཉེས་དོན་གྱོད་གཞི36རྩད་ཆོད་པ་དང་ཉེས་གསོག་དོགས་ཅན50འཛིན་བཟུང་བྱས། ཉེས་གསོག་དང་འབྲེལ་བ་ཡོད་པའི་ཉེས་གསོག་གྱོད་གཞི5ཁྲིམས་ལྟར་ཐག་གཅོད་བྱས་ལ། མི7ལ་ཏང་ཁྲིམས་དང་སྲིད་ཁྲིམས་ཀྱི་ཆད་པ་བཅད། རྩ་འཛུགས་དང་གཞན་པ་མི7ཐག་གཅོད་བྱས། གཞུང་དོན་སྒྲུབ་མཁན་མི4ཉེས་པ་དང་འབྲེལ་བ་ཡོད་པའི་ཉེས་གསོག་གྱོད་གཞིའི་དོགས་གཞི་སྐོར2དམར་འདོན་བྱས། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་གྱི་ཏང་གི་རྩ་འཛུགས77དག་ཐེར་བྱས། སྡེ་བའི“ཨུ་གཉིས”ཀྱི་འགན་འཁུར་བ་གཙོ་བོ34དང་སྡེ་བའི་ལས་བྱེད་པ68ལེགས་སྒྲིག་དང་བརྗེ་འཐེན་བྱས། སྡེ་བའི་ཀྲི་པུའི“ཧྲུའུ་ཅི་དང་པོ”54བརྗེ་འཐེན་བྱས། “ཧྲུའུ་ཅི་དང་པོ”6ཕྱིར་བཀུག་བྱས།

གོམ་སྟབས་རྗེས་མར་ཀན་ལྷོ་ཁུལ་གྱིས་ལོ་གསུམ་གྱི་དུས་ཡུན་སྤྱད་ནས་ཆེད་དོན་འཐབ་རྩོད་ལ་ཚད་བརྒལ་གསར་བ་དང་ཕན་འབྲས་གསར་བ་འཐོབ་པར་སྐུལ་འདེད་གཏོང་བ་དང་། དྲིལ་བསྒྲགས་སྐུལ་སློང་དང་། གྱོད་གཞི་ཞིབ་གཅོད་ལ་སྔར་ལས་ཤུགས་སྣོན་པ། ཁུངས་སྣེའི་ཉིང་རྡུལ་ཕྱིར་འབུད་སྔར་བས་གཏིང་ཟབ་ཏུ་གཏོང་བ། “སྲུང་གདུགས”སྔོག་འདོན་མཐར་ཕྱིན་བྱེད་པ་དང་། བྱ་བའི་འགན་འཁྲི་ཏན་ཏིག་སྒོས་སྒྲུབ་པ་བཅས་བྱ་དགོས།

ཀན་ལྷོར་བཅའ་སྡོད་བྱེད་པའི་ཀན་སུའུ་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པའི་ས་ཚིགས་དང་། ཀན་སུའུ་ཁྲིམས་ལུགས་ཚགས་པར་ཁང་། ཀན་ལྷོའི་ཉིན་རེའི་ཚགས་པར་ཁང་། ཀན་ལྷོའི་རྒྱང་བསྒྲགས་བརྙན་འཕྲིན་ཁང་། ཀྲུང་གོའི་ཀན་ལྷོའི་དྲ་བ། ཀན་ལྷོའི་གསར་འགྱུར་དང་པོ་སོགས་སྨྱན་སྦྱོར་གྱི་གསར་འགོད་པ་གདན་ཞུས་ལྟར་ཁྱབ་བསྒྲགས་ཚོགས་འདུར་ཞུགས།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།