ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་ས་ཁུལ་དུ“རིག་ལྡན་སྤྱི་སྤྱོད་རླངས་འཁོར”ལས་གཞི་འགོ་བརྩམས་ནས་སྤྱི་སྤྱོད་རླངས་འཁོར40ལ་དངུལ་རྐྱང་སྤྲོད་མི་དགོས་པ་མངོན་འགྱུར་བྱུང་།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱི་ཞིང་སྡེའི་ཡིད་རྟོན་ཁང་དང་གཙོས་གྲོང་ཁྱེར་ཅིན་རོན་སྤྱི་སྤྱོད་རླངས་འཁོར་ཚད་ཡོད་ཀུང་སི་མཉམ་འབྲེལ་སྒོས་སྤོ་འགུལ་གཏོང་སྤྲོད་དམངས་བདེ་དཔེ་སྟོན་ལས་གཞི“རིག་ལྡན་སྤྱི་སྤྱོད་རླངས་འཁོར”ལས་གཞི་འགོ་བརྩམས། དེར་བརྟེན། གཙོས་གྲོང་ཁྱེར་ཁུལ་ཡོངས་ཀྱི་ཐོག་དང་བོར་སྤྱི་སྤྱོད་སྤོ་འགུལ་གཏོང་སྤྲོད་མངོན་འགྱུར་བྱུང་བའི་རྫོང་རིམ་པའི་ཁུལ་དུ་གྱུར་པ་དང་། ཁུལ་ཡོངས་ཀྱི་སྤྱི་སྤྱོད་རླངས་འཁོར་དུ་དངུལ་རྩའིlCབྱང་བུ་གཏོང་སྤྲོད་བྱེད་པའི་ཁུལ་དུ་གྱུར། ཁུལ་ཡོངས་ཀྱི་ཐེངས་དང་བོར་སྤྱི་སྤྱོད་རླངས་འཁོར་གྱིས་ཤང་གྲོང་ཟུང་སྦྲེལ་བྱེད་པའི་ཁུལ་དུ་གྱུར། སྤྱི་སྤྱོད་རླངས་འཁོར40རུ་དངུལ་རྐྱང་སྤྲོད་མི་དགོས་པར་མངོན་འགྱུར་བྱུང་བ་དང་། མང་ཚོགས་ལ་དེ་བས་སྟབས་བདེ་ངང་སྤྱི་སྤྱོད་རླངས་འཁོར་ནས་འགྲོ་སྐྱོད་བྱེད་ཐུབ་པར་གྱུར་ནས། ཁུལ་ཡོངས་ཀྱི་རྫོང་ཁུལ་གྱི་མངའ་ཁོངས་སུ་སྤོ་འགུལ་གཏོང་སྤྲོད་བྱེད་པར་དཔེ་སྟོན་རང་བཞིན་གྱི་ནུས་པ་ཐོན།

གཙོས་གྲོང་ཁྱེར་ཞིང་སྡེའི་ཡིད་རྟོན་མཉམ་ལས་ཁང་གི་འགན་ཁུར་བས་བཤད་རྒྱུར། གཙོས་གྲོང་ཁྱེར་ཞིང་སྡེའི་ཡིད་རྟོན་མཉམ་ལས་ཁང་“རིག་ལྡན་སྤྱི་སྤྱོད་རླངས་འཁོར”ལས་གཞིར་ཞུགས་ཐུབ་པ་ནི་ཧ་ཅང་དགའ་འོས་པའི་བྱ་བ་ཞིག་རེད། རིག་ལྡན་སྤྱི་སྤྱོད་རླངས་འཁོར་འཁོར་སྤྱོད་ཐུབ་པ་ནི་གཙོས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་དངོས་སུ་དངུལ་སིལ་མ་དང་གྱེས་པ་མཚོན་པ་དང་མང་ཚོགས་ཀྱི་འགྲོ་འདུག་ལ་སྟབས་བདེ་སྐྲུན་པ་དང་། འདི་ནི་གཙོས་གྲོང་ཁྱེར་གྱི་ཞིང་སྡེའི་ཡིད་རྟོན་མཉམ་ལས་ཁང་དངུལ་རྩའི་དམངས་ཕན་ཞབས་ཞུའི་ཁྲོད་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི“ཚོགས་འདུ་གཅིག་དང་དུས་སྟོན་གཅིག”སྤེལ་བར་རྣམ་པ་གསར་བ་བསྣན་ཡོད་ཅེས་བསྟན། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།